བགྲང་བྱ་བདུན་ཅུ་འཛུམ་གྱིས་བསུ། དུས་རབས་གསར་བར་འབད་པས་བསྐྱོད།
གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ། དབང་རྒྱལ་ཚེ་རིང་། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ།) དབྱར་གཞུང་གི་རྨ་ལྷོ་སོག་རྫོང་ནི་མཛེས་སྡུག་ལྷ་ཡུལ་ལ་འགྲན་ནུས་པའི་ཡུལ་ཁམས་ཁྱད་པར་བ་ཞིག་ཡིན་ཏེ། གནས་འདིའི་ཡུལ་གྱི་བཀོད་པས་མི་རྣམས་ལ་སེམས་བདེ་བག་ཕེབས་ཀྱི་སྣང་བ་ཞིག་ ངང་གིས་བསྐྱེད་པར་བྱེད་ལ། མི་ཕྱུགས་ཐམས་ཅད་ཀྱང་མཛེས་ཤིང་སྡུག་པའི་ཡུལ་གྲུ་འདིར་འཆམ་མཐུན་ངང་འཚོ་ཞིང་གནས་ཡོད། གཞན་ཡང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་གནས་འདིར་འཚོ་བ་བསྐྱལ་བཞིན་པའི་མི་རིགས་སོ་སོར་མཚོན་ན། ཕན་ཚུན་རོགས་རེས་དང་མཛའ་གཅུགས། འཆམ་མཐུན་བཅས་ཀྱི་ངང་ནས་མ་ཡུམ་མེས་རྒྱལ་གྱི་པང་བ་རུ་མཐུན་སྒྲིལ་གྱི་ཨ་ལོང་མ་ལྷོད་པར་གནས་ཡོད་པས། ཕྱིའི་བཀོད་པ་དང་ནང་སེམས་ཅན་གང་གི་ཐད་ནས་ཀྱང་ཧ་ཅང་ཉམས་དགའ་བའི་རྣམ་པ་ཞིག་མངོན་འདུག
རྨ་ལྷོ་སོག་རྫོང་ལ་མཚོན་ན2013ལོ་ནས་བཟུང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཐད་ལ་ཤུགས་བསྣན་ནས། ཏང་གི་མི་རིགས་བྱ་བའི་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱས་ཏེ། རིགས་སོ་སོའི་མི་དམངས་རྣམས་འཆམ་མཐུན་མཉམ་གནས་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་ལམ་ཕྱོགས་གཙོ་བོར་བཟུང་བ་དང་། འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དམ་པོར་བཟུང་ནས། མུ་མཐུད་དུ་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་བཏང་བ་དང་། རྫོང་ཡོངས་ཀྱིས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བར་སྟོབས་ཤུགས་གང་ཡོད་བཏོན། ལྷག་པར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ་ནས་བཟུང་། རྫོང་གི་གོང་འོག་བར་གསུམ་གྱིས“ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་འཕེལ་རྒྱས་འབྱོར་ཕྱུག”ཡོང་བའི་བརྗོད་གཞི་དང་དམ་དུ་སྦྲེལ་ཏེ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་བསྐྲུན”ཞེས་པའི་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་པར་ནུས་ཤུགས་བཏོན།
ཉེ་བའི་ལོ་འདི་འགའི་རིང་། རྨ་ལྷོ་སོག་རྫོང་གིས་སྔ་གཞུག་ཏུ་རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁུལ141བཙུགས་ལ། སྔོན་ཐོན་ཐུན་མོང78དང་སྔོན་ཐོན་མི་སྒེར142ལ་གཟེགས་རྟགས་གནང་བ་མ་ཟད། སྐར་ལྔའི་རིམ་པ་ཅན་གྱི་ཁྱིམ་ཚང1467བཙུགས། ཕྱོགས་ཡོངས་ནས་རྒྱ་མཚོ་དང་ཨ་སྐྱ་སོགས་སྔོན་ཐོན་ཅན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར་འཇིགས་མེད་རྡོ་རྗེ་དང་རྒྱལ་ཡོངས་དཔལ་ཡོན་ཁྱིམ་ཚང་བསོད་ནམས། ཡིད་དུ་འོང་བའི་མཚོ་སྔོན་གྱི་མི་བུའུ་ཅན་ཧྭ་སོགས་གསོ་སྐྱོང་གནང་བས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་གཅིག་རྗེས་གཉིས་མཐུད་དུ་མི་བཟང་ལ་ཁ་མིག་ཡར་ལྟ་དང་སློབ་སྦྱོང་བྱེད་པའི་ཁ་དབུགས་གསར་བ་ཞིག་བསྐྲུན། གཞན་ཡང་མི་རིགས་རིག་གནས་སྔར་ལས་ལྷག་པའི་སྒོ་ནས་དར་སྤེལ་གཏོང་ཆེད། རྨ་ལྷོ་རྫོང་གིས་ནཱ་ཏམ་སྤྲོ་ཚོགས་དང་རྟ་རྒྱུག་འགྲན་ཚོགས། སོག་བོད་རིག་གནས་བགྲོ་གླེང་ཚོགས་འདུ། ལོ་རྒྱུས་རིག་གནས་ཐང་ག་འགྲེམ་སྟོན། དམངས་སྲོལ་རིག་གནས་འགྲེམ་སྟོན་སོགས་བདེ་བླག་ངང་བསྡུས།
ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་གྱི་མཛུབ་སྟོན་འོག ད་ལྟའི་རྨ་ལྷོ་རྫོང་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལེགས་པོར་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་བསྐོར་དུ་ཞིང་ཆེན་དང་ཁུལ། རྫོང་ཨུས་མཛུབ་སྟོན་ལྟར། མུ་མཐུད་ནས རྨ་ལྷོའི་སྙིང་སྟོབས་དར་སྤེལ་དང་ རྨ་ལྷོའི་ཉམས་མྱོང་བརྒྱུད་སྒྲོག རྨ་ལྷོའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། འབྱོར་ཕྱུག་དང་དམངས་གཙོ། ཤེས་རིག འཆམ་མཐུན་བཅས་ཡིན་པའི་དུས་སྐབས་གསར་བའི་རྨ་ལྷོའི་ཕུགས་འདུན་བསྐྲུན་པར་ནུས་ཤུགས་འདོན་པ་དང་། རིགས་སོ་སོའི་མི་དམངས་རྣམས་མཛུབ་གུ་ལྔ་བཅངས་སྤུན་དང་ལག་པའི་ཕྱི་ནང་ཤ་ཡི་ཚུལ་དང་མཐུན་སྒྲིལ་མཉམ་གནས་བྱས་ཏེ། ཆབ་སྲིད་བརྟན་བརླིང་དང་མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་མདུན་སྐྱོད་བཅས་བྱེད་པར་ནུས་ཤུགས་བཏོན་དང་འདོན་བཞིན་ཡོད།