རྨ་ཡུལ་སྦི་རག་དང་དབང་ཆེན་གསང་རུ་མའི་མཉམ་ལས་དཔལ་འབྱོར།
2019.09.19 ཁུངས། ཀློག་གྲངས། 250

གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ།  ཚེ་མ། དབང་རྒྱལ་ཚེ་རིང་། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། )

རྫོགས་ལྡན་གྱི་དུས་ཚིགས་འདིར། མང་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ་དང་།  ཁྱད་ལྡན་ཐོན་ཟོག་ཕུན་སུམ་ཚོགས་ལ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དེ་དབུལ་སྐྱོར་ལས་དོན་ལ་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པ་རེད།

རྨ་ཡུལ་སྦི་རག་ནི་འཇར་མན་གྱི་སྦི་རག་བཟོ་རྩལ་རྒྱུད་འཛིན་བྱས་ཤིང་རྒྱུ་ཆ་གཙོ་བོ་ནས་ཡིན་ལ། རྒྱུ་ཆ་ལེགས་སྡེབ་དང་ཆང་སྣ་བསྣན་ནས་མངར་འགྱུར་དང་། བསྙལ་བཞག  དྭངས་འབྱེད། ཚགས་རྒྱག་སོགས་ཀྱི་ལས་རིམ་བརྒྱུད་ནས་བཟོས་པ་རེད།  འདི་ནི་དར་ལག་རྫོང་གི་དབང་ཆེན་གསང་རུ་མ་ཡུལ་ཚོའི་མཉམ་ལས་དཔལ་འབྱོར་འཕར་བྱེད་ཀྱི་ཐོན་ལས་ཤིག་ཡིན་ལ། ཉིན་བདུན་རིང་བསྙལ་ནས་བཟོས་པ་བརྒྱུད་ཉིང་བཅུད་ཀྱིས་གྲུབ་པ་ཞིག་རེད། རིགས་ལ་སྦི་རག་ནག་པོ་དང་སྦི་རག་སེར་པོ་སོགས་བྲོ་བ་མི་འདྲ་བ་ཡོད་ཅིང་། ས་མཐོའི་ཁྱད་ཆོས་ཟུང་འབྲེལ་བྱས་ནས་དབྱར་རྩྭ་དགུན་འབུ་དང་། སྙི་བ། སྲོ་ལོ་དམར་པོ་སོགས་རང་བྱུང་སྐྱེ་འཚར་གྱི་རྩ་ཆེའི་སྨན་རྒྱུ་ཁ་སྣོན་བརྒྱབ་ནས་སྦི་རག་གི་ནང་དུ་ཆང་བཅུད་ཀྱི་ཚད་ཆེས་དམའ་ཞིང་། འཚོ་བཅུད་ཀྱི་རིན་ཐང་མཐོ་ལ། གྲུབ་ཆ་ལ་ཆུ་དང་། འདྲེས་སྦྱོར་དངོས་རྫས། སྤྲི་དཀར་རྫས། དབྱང་གཉིས་རྫས། འཚོ་རྒྱུ་བཅས་ཕུན་སུམ་ཚོགས་པོ་འཛོམས་པས་འཐུང་ན་ཚ་བ་སེལ་ཞིང་ཟས་འཇུ་བ། ཡི་ག་འབྱེད་པ་སོགས་ཀྱི་ནུས་པ་ལྡན།

ཡུལ་ཚོ་རིམ་པའི་དཔལ་འབྱོར་འཁོར་སྐྱོད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་མཉམ་ལས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཆེད། གསང་རུ་མ་ཞང་ཏང་ཨུས་མཉམ་ལས་དཔལ་འབྱོར་དང་སྐྱེ་ཁམས་འབྲོག་ལས་མཉམ་དུ་གཉེར་བའི་འཕེལ་རྒྱས་དམིགས་འབེན་དོན་འཁྱོལ་བྱས་པ་དང་། རྨ་ཡུལ་སྦི་རག་ཐོན་སྐྱེད་གཙོ་བྱས་མཉམ་ལས་རྣམ་གྲངས་ལ་ཨ་སྟག་ལྷ་མོ་མགྲོན་ཁང་དང་། དངོས་ཟོག་རང་འདེམས་ཚོང་ཁང་། དབུལ་སྐྱོར་སྣུམ་སྣོན་ས་ཚིགས། རླངས་འཁོར་ཞིག་གསོ་ར་བ། དབྱར་རྩྭ་དགུན་འབུ་ཕྱིར་འཚོང་ཁང་། སྟེགས་གྲུག་ཁང་སོགས་གཉེར་ནས་མིག་སྔའི་བར་སྤྱིའི་ཡོང་འབབ་འབུམ་བཞི་ལྷག་དང་།  ལོ་མཇུག་བགོ་བྱ་ཁྱིམ་རེར་ཆེས་དམའ་བ་སྟོང་བཞི་ལྷག་བརྒྱབ་པ་རེད།

ཏང་གི་ཡང་དག་པའི་སྲིད་ཇུས་འོག་མང་ཚོགས་ལ་རང་བརྟེན་ལས་གཏོད་དང་། མཉམ་ལས་ལ་བརྟེན་ནས་དཔལ་འབྱོར་གོང་དུ་སྤེལ་བའི་འདུ་ཤེས་ཆགས་པ་དང་། མཉམ་ལས་དཔལ་འབྱོར་ཡོང་འབབ་ལོ་རེར་ཇེ་མང་ལ་སོང་བ་བརྒྱུད། གསང་རུ་མའི་རྒྱ་ཆེའི་མང་ཚོགས་ལ་སེམས་ཤུགས་གཅིག་སྒྲིལ་གྱིས་འབྱོར་འབྲིང་དུ་བསྐྱོད་རྒྱུའི་འདུན་པ་དྲག་ཏུ་འབར་ཞིང་། དབུལ་ཐར་ཕྱུག་འགྱུར་གྱི་ལམ་ཕྱོགས་རབ་ཏུ་གསལ་ནས་གོམ་ཁ་ཡར་ལ་སྒྱུར་བཞིན་ཡོད་དོ། །

རྨ་ཡུལ་སྦི་རག

རྨ་ཡུལ་སྦི་རག

སྦི་རག་བསྙལ་སའི་སྒྲིག་ཆས།

དར་ལག་རྫོང་མཁར་གྱི་ཚོང་ཁང་དུ་ཡོད་པའི་རྨ་ཡུལ་སྦི་རག

གསང་རུ་མའི་སྣུམ་སྣོན་ས་ཚིགས།

གསང་རུ་མའི་རླངས་འཁོར་ཞིག་གསོ་གླིང་།

གསང་རུ་མའི་ཨ་སྟག་ལྷ་མོ་མགྲོན་ཁང་།

མགྲོན་ཁང་ནང་གི་བཀོད་པ།

མགྲོན་ཁང་ནང་གི་བཀོད་པ།

དངོས་ཟོག་རང་འདེམས་ཚོང་ཁང་།

དངོས་ཟོག་རང་འདེམས་ཚོང་ཁང་།

སྟེགས་གྲུག་རོལ་རྩེད་ཁང་།

སྟེགས་གྲུག་རོལ་རྩེད་ཁང་།

གསང་རུ་མའི་དབྱར་རྩྭ་དགུན་འབུ།

དབྱར་རྩྭ་དགུན་འབུ།