སློབ་གསོའི་འདབ་གཤོག་མཁའ་རུ་བརྐྱངས་པའི་ཡུས་ཧྲུའུ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་བཞི་བ།
2019.09.23 ཁུངས། ཀློག་གྲངས། 23

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ང་དྲུག་ནི་ལྡུམ་ར་གཅིག་གི་མེ་ཏོག་དང་ཆུ་བོ་གཅིག་གི་ཉ་མོ། ཁྱིམ་གཞི་གཅིག་གི་བཟའ་མི་ལྟ་བུའི་འབྲེལ་བ་ཐུན་མོང་བ་ཞིག་ཡིན་པ་དང་།  ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྩ་ཁྲིམས་ལས་མི་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་དགོས་ངེས་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་གྱུར་འདུག ཡུལ་ཤུལ་བསྐྱར་སྐྲུན་གྱི་འདས་པའི་ལོ་ངོ་འདི་དག་གི་རིང་།  ཡུས་ཧྲུའུ་ཁུལ་ཏང་ཨུ་དང་།  ཁུལ་མི་དམངས་སྲིད་གཞུང་གིས་རིག་གནས་སློབ་གསོ་རྒྱ་བསྐྱེད་དེ་དམངས་ཀྱི་བསམ་བློ་མཐོར་འདེགས་དང་།  སློབ་མའི་ནུས་པ་སྐྱེད་སྲིང་བྱས་ཏེ་རིག་གནས་བྱ་གཞག་གི་ཁྲོད་ལ་ཆེས་བསུབ་ཐབས་པའི་ལོ་རྒྱུས་ཀྱི་ཐབས་ལམ་གསར་བ་འདོན་བཞིན་ཡོད།

ཡུས་ཧྲུའུ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་བཞི་བ་ནི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཁང་གི༼ཡུས་ཧྲུའུ་ཁུལ་དམའ་རིམ་མཐོ་རིམ་སློབ་འབྲིང་གི་སློབ་གསོ་ཁྱབ་ཚུལ་ལེགས་བཅོས་ཀྱི་ཡིག་ཆ༽ལྟར་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི2016ལོའི་ཡིག་ཆ་ཨང7པ། ཡུས་ཧྲུའུ་ཁུལ་སྲིད་གཞུང་གིས་བསྡུས་པའི་ཐེངས36པའི་རྒྱུན་ལས་ཚོགས་ཆེན་སྟེང་ཞིབ་འཇུག་ཐག་གཅོད་བྱས་པ་ལྟར། རང་ཁུལ་གྱི་མཐོ་འབྲིང་སློབ་གསོའི་ཐོན་ཁུངས་མི་འདང་བའི་དགོས་ངེས་ཀྱི་ཆ་རྐྱེན་དག་ལ་དམིགས་ནས་བཙུགས་པའི་བཅའ་སྡོད་སློབ་འབྲིང་ཞིག་ཡིན་ལ། སློབ་གྲྭ་འདི་ནི་སྐྱེ་དགུ་གྲོང་རྡལ་སྡོང་ཉེ་རྒལ་ལམ་བྱ་ཤུལ་ཁོག་དམའ་འབྲིང་གསུམ་པའི་ཁ་གཏད་དུ་ཡོད། ཐོག་མའི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་ས་ཡ་ལྔ་ཙམ་བཏང་ཞིང་།  སློབ་གྲྭ་འདིར་ས་མུའུ172དང་།  སྤྱིའི་འཛུགས་སྐྲུན་འཆར་འགོད་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ39644ཡོད། འདིར་སློབ་ཁྲིད་ཐོག་ཁང་དང་ཕྱོགས་བསྡུས་ཐོག་ཁང་།  ཟ་ཁང་།  རྫས་འགྱུར་ཚོད་ལྟ་ཁང་།  འགྲེམ་སྟོན་ཁང་།  རྩལ་སྦྱོང་ར་བ་སོགས་འདུས་ལ།  2016ལོའི་ཟླ6པའི་ཚེས6ཉིན་ནས་བཟུང་ལས་གཞི་འགོ་བརྩམས་ཤིང་།  2017ལོའི་ཟླ10བའི་ཟླ་སྨད་དུ་ལས་གཞི་རྩིས་ལེན་དག་བདེ་བླག་ངང་མཇུག་སྒྲིལ།  སློབ་གྲྭ་འདིར་ད་སྔ་དགེ་བཟོ་བ49དང་།  འཛིན་གྲྭ12  སློབ་མ558ཡོད།  

སྤྱིར་སློབ་གྲྭ་ནི་སློབ་གསོ་བྱ་བའི་མ་ལག་ཁྲོད་ཆེས་གལ་ཆེ་བའི་དཔེ་ཁྲིད་མི་སྐྱོང་གི་བྱ་འགུལ་རླབས་ཆེན་སྤེལ་ས་དང་མི་ནུས་སྔོག་འདོན་བགྱི་སའི་བཟོ་གྲྭ་དངོས་ལྟ་བུ་ཞིག་ཡིན་ཁར་དུས་རབས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཉམས་མྱོང་། ལོ་རྒྱུས་ཀྱི་བདེན་པ་ཇི་སྙེད་ཅིག་ང་ཚོར་དུས་ཐོག་ཏུ་གསལ་ཁ་ཡང་དག་སྤྲོད་བཞིན་ཡོད་ལ། མི་རིགས་ས་ཁུལ་དུ་རང་ཉིད་ཀྱི་ཁྱད་ཆོས་འཛོམས་ཤིང་ནུས་པ་འབུར་དུ་ཐོན་པའི་སློབ་གསོའི་མ་ལག་འཐུས་སྒོ་ཚང་བ་ཞིག་སྒྲིག་འཛུགས་བྱ་རྒྱུ་ནི་མི་རིགས་སློབ་གསོའི་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ་བདུན་ཅུའི་བཞུད་ལམ་རིང་མོའི་ཁྲོད།  

ཡུས་ཧྲུའུ་ཁུལ་མི་རིགས་མཐོ་འབྲིང་བཞི་བས་རང་རྒྱལ་གྱི་མཐོ་འབྲིང་དཀྱུས་མའི་བསླབ་ཚན་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་བགྱིས་པ་དང་། བསླབ་གཞི་གསར་བ་བཀོལ་སྤྱོད་དང་སློབ་ཚན་གྱི་ནང་དོན་ལ་བཅོས་སྒྱུར་ཡག་པོ་བྱེད་པ། སློབ་ཁྲིད་དང་སློབ་སྦྱོང་བྱེད་ཐབས་ལེགས་སྒྱུར། ཚོད་ལྟའི་སློབ་ཁྲིད་ལེགས་བཅོས། སྦྱངས་ཚན་ཇུས་འགོད་སྤུས་ཚད་ཅན་དུ་གཏོང་བ། སློབ་ཁྲིད་ཀྱི་མྱུར་ཚད་ཁོ་ན་གཙོར་མི་འཛིན་པ་དང་། སློབ་ཁྲིད་ཀྱི་ཚད་གཞི་ལས་བརྒལ་བ། སློབ་མའི་བསླབ་ཕྱིའི་ཁུར་བོ་ལྕི་དྲག་པའི་གནད་དོན་དག་ལ་དམིགས་ནས་སློབ་ཁྲིད་དོ་དམ་ཚད་ལྡན་ཅན་དུ་བཏང་སྟེ་སློབ་ཁྲིད་ཀྱི་འཆར་གཞི་ལག་བསྟར་གཟབ་ནན་བྱེད་པ། ཉིན་རྒྱུན་གྱི་ཚོད་ལྟའི་རྒྱུགས་ཆུང་སོགས་ཇེ་ཉུང་དུ་གཏོང་བ།  ལོ་གསུམ་གྱི་རིག་ཚན་སྣ་མང་ཁྲོད་འདུས་པའི་ལུས་རྩལ་དང་། སྒྱུ་རྩལ། ཕྱོགས་བསྡུས་ལག་ལེན་གྱི་བྱེད་སྒོ་སྣ་མང་དག་གིས་སློབ་གྲྭ་འདིའི་ལོ་ངོ་གསུམ་གྱི་མཚར་སྡུག་གི་བཞུད་ལམ་མངོན་པར་མཚོན་ཡོད།  

ཡུས་ཧྲུའུ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་བཞི་བ།

བརྗིད་ཉམས་གྱིས་འགྱིང་བའི་ཕྱོགས་བསྡུས་ཐོག་ཁང་།

སློབ་གྲྭའི་འཛུགས་སྐྲུན།

སློབ་གྲྭའི་ཕྱིའི་བཀོད་པ།

 སློབ་མ་གསར་བས་དམག་སྦྱོང་བྱེད་བཞིན་པ།

 སློབ་མ་གསར་བས་དམག་སྦྱོང་བྱེད་བཞིན་པ།

རིག་པའི་གནས་ལ་བརྩོན་པའི་སློབ་ཕྲུག་ཚོ།

རྣ་བ་བླགས་ཏེ་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་བཞིན་པ།

རྨོངས་མུན་སེལ་བའི་ལེགས་བཤད་གྱིས།།  རིག་པའི་སློབ་ཁང་མཛེས་པར་བརྒྱན།།

རྫས་འགྱུར་ཚོད་ལྟ་ཁང་།

ཚོད་ལྟའི་ཡོ་བྱད།

ས་ཁམས་རིག་པའི་ཉམས་ཞིབ་ཁང་།

སློབ་མའི་བློ་འདྲི་ཁང་།

གུང་ཟས་ལ་རོལ་བཞིན་པ།