སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བར་བསྐྱོད་པའི་ཡུལ་ཤུལ།
2019.09.24 ཁུངས། ཀློག་གྲངས། 1064

གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ།  ཚེ་མ། དབང་རྒྱལ་ཚེ་རིང་། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། )


བརྗིད་ཆགས་མཛེས་སྡུག་གི་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་ཡུལ་ལྗོངས་དང་རྫོང་མཐུག་ལ་ཡུན་རིང་བའི་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ། ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་ཀྱི་གདོད་མའི་རང་བཞིན་དང་ཁྱད་ཆོས་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ཚོང་ཁྲོམ་གྱི་དགོས་མཁོ་ནས་མགོ་བརྩམས་ཏེ་ཡུལ་སྐོར་འདུ་ཤེས་མཐོར་འདེགས་དང་རྒྱལ་ཁབ་ཕྱི་ནང་གི་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་གྱི་འཕེལ་རྒྱས་ཉམས་མྱོང་ལ་མིག་དཔེར་བལྟས་ནས། ཡུལ་ཤུལ་དེ་ཀྲུང་གོའི་ཡུལ་ཤུལ་ཁོ་ནར་མངའ་བའི་གཙང་པོ་འབྱུང་ཡུལ་གྱི་ཡུལ་སྐོར་བྱ་ཡུལ་དང་། དཔེ་སྟོན་རང་བཞིན་གྱི་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དུ་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ལྷོ་ཕྱོགས་ཀྱི་ཡུལ་སྐོར་དཔལ་འབྱོར་འཕར་གནས། ཀྲུང་གོའི་ཁམས་པ་རིག་གནས་མཚོན་ཁུལ་དང་རོལ་མྱོང་ཁུལ། སྐམ་སའི་སྟེང་གི་དར་གོས་གནའ་ལམ་ལྷོ་ལམ་སྟེང་གི་ཡུལ་སྐོར་རིག་གནས་ལྷུ་ཚིགས་གནས་གཙོ་བོ། འཛམ་གླིང་སྟེང་གི་ཕུལ་བྱུང་གི་བོད་རིག་གནས་དང་མཐོ་སྒང་སྐྱེ་ཁམས་ཀྱི་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་དུ་ཆགས་སུ་འཇུག་ཆེད། ཡུལ་སྐོར་ཐོན་ལས་སྐྱེད་སྲིང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་བླང་བྱ་གསར་པར་དམིགས་ནས། ཡུལ་ཤུལ་གྱིས་གྲོང་ཁྱེར་དང་ཞིང་སྡེ། སྐྱེ་ཁམས་ཐོན་ལས། རིག་གནས། ཡུལ་སྐོར་སོགས་ཀྱི་བྱེད་ནུས་མང་པོ་ཕན་ཚུན་དུ་སྦྲེལ་ནས། ཡོངས་ཁྱབ་ནས་མིང་དོན་མཚུངས་པའི་རྒྱལ་ཁབ་སྤྱི་གླིང་དང་འཛམ་གླིང་སྐྱེ་ཁམས་ཡུལ་སྐོར་གནས་མཆོག་བསྐྲུན་ནས་ཡུལ་སྐོར་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མངོན་འགྱུར་བྱ་ཆེད། བྱེ་བྲག་གི་བྱེད་ཐབས་སྟེང་ནས། སྐྱེ་ཁམས་ཉམས་ལེན་བྱེད་པའི་ཡུལ་སྐོར་སོགས་ཀྱི་ཕྱོགས་ནས་ཇུས་འགོད་བྱས་ཏེ་རྫོགས་ལྡན་ཡུལ་སྐོར་ལམ་ཐིག་བསྐྲུན་པ་དང་སྒེར་འཁོར་ཡུལ་སྐོར་སྒར་ས་འཛུགས་སྐྲུན་དང་ལག་བསྟར་བྱས་པ་དང་།  གོ་ཆོད་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་འཁོར་རྒྱུག་བྱེད་སྟངས་འཚོལ་སྙེག་བྱས་ཏེ། ཡུལ་ཤུལ་ཡུལ་སྐོར་ཚོང་གཉེར་གྱི་དོ་དམ་ནུས་པ་དང་ཡུལ་སྐོར་ཞབས་ཞུ་སྣེ་ལེན་ཆུ་ཚད་ཇེ་མཐོར་བཏང་བ། རྩེ་གྲས་ཀྱི་ཁམས་པ་དམངས་ཁྲོད་གླུ་གར་ཚོགས་པ་བསྐྲུན་ནས། རང་ཡུལ་དང་གདོད་མ། ཡུལ་ཤུལ་རྣལ་མའི་ཡུལ་སྐོར་གྱི་མིའི་རིག་གནས་ཀྱི་ནང་དོན་སྔོག་འདོན་བྱས་པ་དེ་རེད། ཉིས་སྟོང་བཅོ་ལྔ་ལོའི་ཚུན་དུ། ཡུལ་ཤུལ་གྱི་ཡུལ་སྐོར་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ནས། ཡུལ་སྐོར་པ་མི་ཐེངས་ཁྲི་ལྔ་བཅུ་ལྷག་སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་གཉིས་ཚེག་ལྔ་བླངས།

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་སྐྱེ་ཁམས་ཡིན་ཞིང་ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན། “འོས་མཐུན་གྱིས་གསར་གཏོད་བྱེད་པ་ནི་སྔར་བས་སྲུང་སྐྱོབ་བྱེད་ཆེད་ཡིན་ལ། ང་ཚོས་བརྒྱ་ཆའི་གཅིག་བེད་སྤྱོད་བྱས་པ་དེ་བརྒྱ་ཆའི་གོ་དགུ་ཡིས་སྲུང་སྐྱོབ་བྱེད་དགོས། བརྒྱ་ཆའི་གཅིག་བེད་སྤྱོད་བྱེད་པ་ནི་ཡུལ་སྐོར་གྱི་རྩ་བའི་བྱེད་ནུས་སྐོང་བ་འཛུགས་སྐྲུན་བྱེད་པ་ནས་མགོ་བརྩམས་ཏེ། ལོ་ངོ་གསུམ་ནས་ལྔ་ཡི་ནང་དུ་འབྲེལ་ཡོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡོངས་འགྲུབ་བྱེད་པ་དང་། བརྒྱ་ཆའི་གོ་དགུ་ཡིས་སྲུང་སྐྱོབ་བྱེད་པ་ནི་ཡུལ་སྐོར་གྱི་རྩ་བའི་བྱེད་ནུས་སྐོང་བ་འཛུགས་སྐྲུན་བྱེད་པ་ལས་གཞན། སྐྱེ་ཁམས་ཀྱི་རང་བྱུང་དང་གདོད་མ། རྣལ་མ་བཅས་སྔར་བས་མང་ཞིང་ཆེ་ལ་བཟང་པོའི་སྒོ་ནས་བསྟུན་པ་དེ་རེད། ཡུལ་སྐོར་གསར་སྤེལ་ནི་མི་དང་རང་བྱུང་ཁམས་བར་གྱི་འཆམ་མཐུན་མངོན་འགྱུར་བྱེད་པ་དེ་ཡིན”ཞེས་ཡུལ་ཤུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཨ་ཤགས་གཡང་འཁོར་གྱིས་གསར་འགོད་པར་བཤད་བྱུང་།  གཞན་ཡུལ་ཤུལ་ཡུལ་སྐོར་ལ་སྔ་རྗེས་སུ་ནུབ་བྱང་གི་གནས་ཆེན་གྱི་གྲས་དང་ཀྲུང་གོའི་གནས་སྐོར་གྲོང་ཁྱེར་བརྒྱའི་གྲས། ཀྲུང་གོའི་ཞབས་བྲོའི་ཕ་ས་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད་པ་རེད།


               གཙང་གསུམ་ཆུ་མགོ། ཡུལ་ཤུལ་གནས་སུ་ཡོད།

སྒ་སྟོད་ཇོ་བོ། ཡུལ་ཤུལ་གནས་སུ་འགྱིང་།

ཁུ་ནུ་རི་བོ། ཡུལ་ཤུལ་གནས་སུ་མཐོ།

           ཨ་ཆེན་གངས་རྒྱབ། ཡུལ་ཤུལ་གནས་སུ་མཛེས།

       དཀོན་ལེགས་སྲོག་ཆགས། ཡུལ་ཤུལ་གནས་སུ་མང་།


ཁམས་པའི་རིག་གནས།  ཡུལ་ཤུལ་གནས་སུ་དར།

ཆོས་བརྒྱུད་རྣམ་བཞི། ཡུལ་ཤུལ་གནས་སུ་མཐུན།

ཡུལ་ཤུལ་ལ་འཛམ་གླིང་གི་ཡུལ་ཤུལ་མཐོང་དུ་འཇུག་ལ།

འཛམ་གླིང་ལ་ཡུལ་ཤུལ་གྱི་འཇིག་རྟེན་མཐོང་བར་འཇུག

ཡུལ་ཤུལ་ཡུལ་སྐོར་གྱི་གཟེངས་རྟགས་སྣ་ཚོགས།