མི་རིགས་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་འཇོག་བཞིན་པའི་ཚོང་ལས་ཡར་སྐུལ་ཚོགས་པ།
2019.06.21 ཁུངས། ཀློག་གྲངས། 1130

མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པ་ནི་ཞིང་ཆེན་དམངས་སྲིད་ཐིན་གྱི་ཆོག་མཆན་ལྟར། སྤྱི་ལོ་༢༠༡༥ལྔོའི་ཟླ་༨པའི་ཚེས་༩ཉིན་བཙུགས་ཤིང་།རང་ཞིང་གི་གྲོང་ཁྱེར་དང་ཁུལ།རྫོང་སོགས་ཀྱི་ཁེ་ལས་སྡེ་ཁག་གིས་རང་འགུལ་གྱིས་བཙུགས་པའི་ཚོང་ཚོགས་རྩ་འཛུགས་ཤིག་ཡིན་ལ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་དང་ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ཚོང་དོན་ཐིན་དང་ཞིང་ཆེན་སྲིད་ཨུ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ག་ལེར་གཉོམ་ལག་རྒྱས་ཤིང་། མིག་སྔའི་བར་དུ་ཚོགས་མིའི་སྡེ་ཁག་༣༠༠ལྷག་ཡོད་ལ། གྲོང་ཁྱེར་དང་ཁུལ།རྫོང་སོགས་སུ་མ་དངུལ་དུང་ཕྱུར་༡༠ལས་བརྒལ་བ་བཏང་ཞིང་།དངོས་བརྒྱུད་གང་རུང་ནས་མི་ཁྲི་10ལ་ཉེ་བར་ལས་ཞུགས་སྣེ་ཁྲིད་བྱས་ཤིང་། ལས་གཉེར་ཁྱབ་ཁོངས་སུ་ཞིང་ཕྱུགས་ཐོན་རྫས་དར་སྤེལ། ཁང་ས་དར་སྤེལ། འཛུགས་སྐྲུན། བཟའ་བཏུང་། ཉོ་ཚོང་། སྨྱན་སྦྱོར། རྒྱན་བཟོ། རྒྱན་གོས་ལས་སྣོན། ཁྱིམ་ཆས་སྒྲིག་བཟོ། ཆང་རིགས་ཐོན་སྐྱེད། རིག་གནས་ཡུལ་སྐོར་ཐོན་ལས་སོགས་ཡོད།

ཚོགས་པས་མགོ་མཇུག་བར་གསུམ་དུ་ནུབ་བརྒྱུད་གསར་སྤེལ་གྱི་ལམ་ཕྱོགས་དེད་དེ། ཏང་དང་རྒྱལ་ཁབ་ཀྱི་ཐབས་ཕྱོགས་སྲིད་ཇུས་ནན་ཏན་གྱིས་ལག་བསྟར་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གཏན་འབེབས་ཀྱིས་ཕྱོགས་མང་མཉམ་འབྲེལ་སྒོས་ཞིང་སྡེ་་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཤིང་། ཐེངས་མང་པོར་ཟི་ལིང་གྲོང་ཁེར་དང་ཁུལ་རྫོང་སོ་སོར་ལས་གཞི་མཉམ་འབྲེལ་གྱི་བྱ་འགུལ་མི་ཉུང་བ་སྤེལ། དཔེར་ན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་གྱི་“ཁེ་ལས་གཅིག་གིས་དུད་ཚང་གཅིག་གམ་ཡང་ན་དུད་ཚང་མང་པོར་རོགས་རམ་བྱེད་པའི”འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ། མཚོ་སྔོན་ཞིང་ཆེན་གི་དབུལ་སྐྱོར་མཁྲེགས་གཏོར་ལས་འགན་ལ་ཞུགས་ཤིང་། “ལོ་སར་ལ་དྲོད་སྐྱིད་སྦྱིན་པའི”བྱེད་སྒོ་སྤེལ་ཅིང་། སྟོང་སྐོར་རྫོང་ཚོང་ལས་ར་བར་ཚོང་འགུག་བྱེད་པར་རོགས་རམ་བྱས་ཤིང་། ཝན་ཏ་ཚོང་ལས་ར་བའི་ཐང་ལམ་637དུ་ཚོང་དཔོན་ནོར་བཟང་རིག་གནས་ཉམས་ཞིབ་ཁང་ལེགས་འགྲུབ་བྱུང་བ་དང་། ཀྲུང་ཧྥ་ཡོན་ཁྲོམ་རའི་རྣམ་གྲངས་ཀྱི་མ་འཇོག་ཚོང་འགུགས་བྱ་བ་བདེ་བླག་ངང་ལེགས་གྲུབ་བྱུང་། དེར་མ་ཟད་ཚོང་དཔོན་ནོར་བཟང་ཐེབས་རྩ་ཚོགས་པ་བཙུགས་ཤིང་། བྱ་ལས་གསར་སྐྲུན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཧ་ཧྥུ་སློབ་ཆེན་གྱི་MBNཚོང་ལས་དཔེ་ཆ་ཡིག་བསྒྱུར་བྱས་ཏེ། རྒྱན་གོས་ཇུས་འགོད་དང་དཔེ་དེབ་ལེགས་སྒྲིག་བྱས། ཙོང་ཁ་ལབ་ཙེ་དུས་ཆེན་དང་ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་བར་གཞོགས་འདེགས་དང་། མཚོ་སྔོན་ཁུ་ནུ་རླུང་བརྙན་འཕྲིན་སྨྱན་སྦྱོར་ཚོགས་པ་དང་མཚོ་སྔོན་སློབ་གྲྭ་ཆེ་ཁག་དང་མཉམ་འབྲེལ་གྱིས་“སློབ་གྲྭ་དང་ཁེ་ལས་མཉམ་འདྲེས་ཀྱི་མ་འོངས་གསར་སྐྲུན”གྱི་་ས་མཐོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྨྱན་སྦྱོར་གསར་པར་བརྟེན་ཏེ་ས་གནས་མཐོ་སློབ་ཀྱི་ཕུལ་བྱུང་ཤེས་ལྡན་པའི་ཐོན་ཁུངས་མཉམ་འབྲེལ་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་ནས་ས་གནས་ཁྱད་ལྡན་ཁེ་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། རྣམ་གྲངས་སྤེལ་ཚད་ལ་སྤྱི་ཚོགས་ཀྱི་ཕན་འབྲས་དང་ཁས་ལེན་བཟང་པོ་ཐོབ་ཡོད་ལ་། མཚོ་སྔོན་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་ལ་བྱས་རྗེས་མི་དམན་པ་འཇོག་བཞིན་ཡོད།

ཚོང་ཚོགས་ཀྱིས་སྒྲུབ་པའི་སློབ་གླིང་དང་ཁེ་ལས་མཉམ་འདྲེས་ཀྱི་དཔྱད་གླེང་ཚོགས་འདུ།

ཚོང་ཚོགས་ཀྱི་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན།

ཚོང་ཚོགས་ཀྱི་དྲ་ཚུགས་སྤྱོད་མགོ་ཚུགས་པའི་མཛད་སྒོ།

ཚོང་ཚོགས་ཀྱིས་སྤེལ་བའི་བྱ་འགུལ།

བྱ་འགུལ་སྤེལ་བཞིན་པའི་ཡུལ་དངོས།

བྱ་འགུལ་སྟེང་བཀྲམ་པའི་བོད་ཀྱི་ཐོན་རྫས།

བོད་ཀྱི་ཐོན་རྫས་སྣ་ཚོགས།