དབུལ་ཐར་ལམ་དུ་སྐྱོད་བཞིན་པའི་ཞོན་ཧྭ་རྫོང་བིས་མདོ་མང་ཡུལ་སྡེ་བ།
2019.06.21 ཁུངས། ཀློག་གྲངས། 63

ཟླ་5བའི་ཚེས་28ཉིན་གྱི་ཞོགས་པའི་ཉི་ཟེར་དང་པོ་ས་གཞི་ཡོངས་ལ་ཤར་མ་ཐག་ཏུ་ང་ཚོ་བཅར་འདྲི་ཚན་ཆུང་གིས་དེ་རིང་གི་བཅར་འདྲིའི་ས་ཚུགས་སུ་བགྲོད་པའི་སྟ་གོན་བྱས་པ་ཡིན། སྔ་དྲོའི་ཆུ་ཚོད་དགུའི་ཡས་མས་སུ་ང་ཚོར་རེ་བ་དང་སྤོབས་པ། སྤྲོ་སྣང་གིས་ཁེངས་བཞིན་ཞོན་ཧྭ་རྫོང་བིས་མདོ་མང་ཡུལ་སྡེ་བར་བསྐྱོད་པའི་ལམ་ཁ་བསྒྱུར་བ་ཡིན།

སྡེ་བ་འདིའི་ཕྱི་རྣམ་པར་བལྟས་ནའང་ཏང་གི་ཡང་དག་པའི་སྲིད་ཇུས་དང་ནང་དགོས་སུ་ཡུལ་སྐོར་དབུལ་སྐྱོར་ཐད་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས་མངོན་གསལ་གྱི་གྲུབ་འབྲས་ཤིག་བླངས་ཡོད་པ་ཤེས་ཐུབ། དེ་བས་ང་ཚོའི་འདིའི་གནས་ཚུལ་ཤེས་འདོད་ཀྱི་འདུན་པ་ཆེ་རུ་བསྐྱེད་དེ་སྡེ་བའི་ནང་དུ་སོང་ནས་རྒྱུས་ལོན་རག་ཙམ་བྱས་པ་ཡིན།

ཞོན་ཧྭ་རྫོང་བིས་མདོ་ཞང་མང་ཡུལ་སྡེ་བ་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་འཁྲུངས་ཡུལ་ཡིན་ལ། ཁོང་གི་གཞིས་སྒར་དང་རྗེས་དྲན་མཆོད་རྟེན་ཡང་གནས་འདིར་ཡོད་པ་རེད། ཞོན་ཧྭ་རྫོང་ནི་བོད་བརྒྱུད་ནང་བསྟན་གྱི་ཡུལ་སྐོར་གྱི་གནས་མཆོག་ཅིག་ཡིན་ལ། རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའང་ཡིན། ས་འདིའི་མི་རྣམས་ཀྱིས་ཐུན་མིན་གྱི་ཐོན་ཁུངས་འདི་བེད་སྤྱད་དེ་ལོ་རེར་ཡུལ་སྐོར་པ་གནས་ལེན་བྱས་པར་མ་ཟད་གྲུབ་འབྲས་ཡང་མི་དམན་པ་ཞིག་བླངས་ཡོད་པ་རེད། སྡེ་བ་འདིར་དུད་ཁྱིམ་51དང་མི་གྲངས་320ཡོད་ལ། དེ་ལས་དབུལ་ཕོངས་དུད་ཁྱིམ་15དང་མི་གྲངས་44ཡོད་པ་རེད། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་དབུལ་ཐར་ཡུལ་སྐོར་ཐད་ཀྱི་ཆ་རྐྱེན་དང་། དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཀྱི་ཉམས་མྱོང་ལ་གཞིར་བཟུང་ནས། རྫོང་དང་ཞང་སྲིད་གཞུང་གིས་སྣེ་ཁྲིད་དེ་དབུལ་ཕོངས་ཁྱིམ་ཚང་དག་མྱུར་མོར་དབུལ་ཐར་བྱེད་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད། འབྲེལ་ཡོད་སྡེ་ཁག་གིས་གནས་ཚུལ་དངོས་ལ་བརྟག་དཔྱད་བྱས་པ་དང་དབུལ་ཕོངས་ཁྱིམ་མིར་གྲོས་མོལ་བྱས་པ་བརྒྱུད། མ་རྩའི་ནོར་སྲིད་དབུལ་སྐྱོར་རོགས་དངུལ་ས་ཡ་གཉིས་བཏང་སྟེ་ཡུལ་སྐོར་དབུལ་སྐྱོར་གྱི་རྣམ་གྲངས་དེ་བིས་མདོ་མང་ཡུལ་སྡེ་བར་བོད་ལུགས་གསོལ་ཁང་ཞིག་འཛུགས་སྐྲུན་བྱ་རྒྱུ་ཐག་བཅད་པ་རེད།

གསོལ་ཁང་དེ་ནི་ཞོན་ཧྭ་རྫོང་ཐོག་ནས་ལམ་ལ་ཆས་ན་རེབ་གོང་ལ་འགྲོ་བའི་ལམ་འགྲམ་དུ་ཡོད་ལ། རྭ་སྐོར་གྱི་གཞི་རྒྱ་ཆེ་ཞིང་ཕྱིའི་བཀོད་པ་དང་ནང་གི་འཛུགས་སྐྲུན་དག་བོད་ལུགས་ལྟར་བྱས་ཡོད། གཡོས་སྦྱོར་གྱི་ཇ་ཁང་དང་ཇ་ལག་ཁ་ཚང་ཞིག་ཀྱང་སྒྲིག་ཡོད་ལ།རིག་གནས་བྱང་ཚད་ཅུང་མཐོ་བ་དང་ཚོང་ལས་འདུ་ཤེས་ཅུང་བཟང་བའི་ཞིང་བའི་ཁྱིམ་ཚང་ལྔས་བདག་གཉེར་བྱས་ཡོད། བདག་གཉེར་ཁྱིམ་ཚང་གཅིག་གིས་དབུལ་ཕོངས་ཁྱིམ་ཚང་བཅུ་སྐུལ་ཁྲིད་བྱེད་པའི་མཉམ་འབྲེལ་རང་བཞིན་གྱིས་བདག་གཉེར་བྱེད་སྟངས་ཤིག་རེད། ཏང་གི་དབུལ་ཐར་སྲིད་ཇུས་དང་རྫོང་དང་ཞང་སྲིད་གཞུང་གིས་སྣེ་ཁྲིད་འོག ལས་མགོ་བརྩམས་པ་ནས་བཟུང་བིས་མདོ་མང་ཡུལ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་དག་ལ་ཆ་སྙོམས་ཡོང་སྒོ་སྒོར་3922འཕར་བ་དང་། མི་རེའི་ཆ་སྙོམས་ཡོང་སྒོ་625འཕར་བ་རེད། མཚོ་ཤར་གྲོང་ཁྱེར་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་རྣམ་གྲངས་དོ་དམ་དང་གཅིག་གྱུར། ལྟ་རྟོག ཇུས་གཞིའི་ཐད་ལ་ཚུལ་མཐུན་གྱིས་གྲ་སྒྲིག་འདྲི་གཅོད་བྱེད་པ། རྫོང་སྲིད་གཞུང་ནི་རྣམ་གྲངས་གཙོ་གཉེར་ལས་ཁུངས་ཡིན་ལ། རྣམ་གྲངས་འདིའི་རྩ་འཛུགས་དང་ཇུས་གཞི་དག་ལ་ལྟ་རྟོག་དང་མཆན་འགོད་བྱེད་པའི་དབང་ཆ་ཡོད། རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་རྣམ་གྲངས་ཡིག་ཐོག་སྙན་ཞུ་དང་འཛུགས་སྐྲུན་ཐད་ཀྱི་བདག་གཉེར་དང་ཞིབ་བཤེར་སྐུལ་འདེད། ཞིབ་བཤེར་རྩིས་ལེན་བཅས་ཀྱི་ལས་དོན་སྒྲུབ་པ་ཡིན། བིས་མདོ་མི་དམངས་སྲིད་གཞུང་གིས་བྱེ་བྲག་གི་རྩ་འཛུགས་དང་རྒྱུན་མཐུད་ལྟ་སྐུལ། བདག་གཉེར་དང་དུས་ལྟར་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ལ་རྣམ་གྲངས་འདིའི་དཔྱད་གཞི་རྒྱུ་ཆ་དག་མཁོ་སྤྲོད་དང་རྣམ་གྲངས་ཀྱི་མ་དངུལ་རྩིས་ཁྲ་འབུལ་དགོས། འདི་ལྟར་ཏང་གི་དབུལ་ཐར་སྲིད་ཇུས་འོག་ཏུ་རྫོང་དང་ཞང་། མང་ཚོགས་བཅས་ཀྱིས་རྡོག་རྩ་གཅིག་སྒྲིལ་ངང་རྫོང་ཡོངས་ཀྱི་ཞང་དང་སྡེ་བ་གཞན་པར་ཡང་མཉམ་ལས་རང་བཞིན་གྱི་བོད་ལུགས་གསོལ་ཁང་འདི་ལྟ་བུ་འཛུགས་སྐྲུན་བྱས་ནས་དབུལ་ཐར་ལམ་དུ་ལྷུར་བརྩོན་བྱེད་བཞིན་ཡོད།

སྡེ་མིའི་གཉེར་བཞིན་པའི་ཞིང་གྲོང་གླིང་གི་བཀོད་པ།