མཐོ་སྒང་གི་མཛེས་པའི་གྲོང་ཚོ་ཧོ་ལི་སི་གོང་མ།
2019.07.03 ཁུངས། ཀློག་གྲངས། 12

གངས་ལྗོངས་མེ་ལོང་དྲ་བའི་གསར་འགོད་པ་ཚེ་མ་རྒྱལ་དང་ལྕགས་ཐར་ཚེ་རིང་ནས་བཀོད་པའི་གསར་འགྱུར།

ཧོ་ལི་སི་གོང་མ་ཞེས་པ་ནི་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཐེ་གེ་ཞང་གི་མངའ་ཁོངས་ཀྱི་སྡེ་བ་ཞིག་ཡིན་ལ། ཧོ་ལི་སི་ཞེས་པ་སོག་སྐད་ཡིན་པར་བཤད། སྡེ་བ་འདི་ནི་འདི་ནི་སྔོན་ཆད་གུང་ཧོ་རྫོང་འཁྱིལ་ཁུག་ཞང་གི་མངའ་འོག་ཁོངས་ཀྱི་ཡིན་ལ།  ཚ་རྔ་འགག་ཆུ་མཛོད་བསྐྱིལ་རྗེས་ཐེ་གེ་ཡུལ་ཚོའི་ཁོངས་སུ་སྦྱར།

ཉེ་བའི་ལོ་འགའི་རིང་། གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཞང་ཏང་ཨུ་དང་གོང་རིམ་རྩ་འཛུགས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་ཏང་ཡོན་དཔེ་བཟང་གི་སྣེ་ཁྲིད་འོག་མང་ཚོགས་ལ་བྱ་ཐབས་དང་ཐབས་ལམ་བཙལ་ནས་མང་ཚོགས་དཀའ་ངལ་ཅན་དང་། རྒན་པ། དབང་པོ་སྐྱོན་ཅན་བཅས་ལ་ལེགས་སྐྱོང་བྱས་པར་མ་ཟད། འཚོ་བ་སྐྱེལ་སྟངས་འགྱུར་ལྡོག་གཏོང་བར་རོགས་རམ་བྱས་ཏེ་སྐྱེ་ཁམས་གནས་སྡོད་བྱ་རྒྱུར་འཚམ་པ་དང་། སྤྲོ་སྣང་དང་འཆམ་མཐུན་གྱི་འཚོ་སྡོད་ཁོར་ཡུག་ལེགས་པོ་བསྐྲུན་པ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ཤིང་།  མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད་རྒན་བཀུར་དུས་ཆེན་དང་། དཔྱིད་གསར་དུས་ཆེན། གནམ་ལོ་གསར་ཚེས། བུད་མེད་དུས་ཆེན། ངལ་རྩོལ་དུས་ཆེན། ཏང་བཙུགས་དུས་ཆེན། རྒྱལ་སྟོན་དུས་ཆེན་སོགས་དུས་ཆེན་གོ་སྐབས་སུ་བྱས་ནས་གྲོང་སྡེའི་རིག་རྩལ་འཁྲབ་སྟོན་རུ་ཁག་སྒྲིག་འཛུགས་དང་གླུ་གར་བཀོད་སྒྲིག་བྱས་ཏེ། མཛའ་མཐུན་མཉམ་སྦྲེལ་སྒོས་སྡེ་བ་ཡོངས་ཀྱི་རྒྱ་བོད་སོག་ཧོར་མི་རིགས་ཁག་གི་མང་ཚོགས་ལ་སྤུས་ལེགས་འཁྲབ་སྟོན་བྱས། དེ་མིན་སྡེ་བའི་ཕྱུག་འགྱུར་འཇོན་ཐང་ཅན་གྱིས་ཞལ་འདེབས་ཕུལ་ནས་དངོས་པོ་འབུལ་བ་སོགས་ཀྱི་རྣམ་པ་སྤྱད་དེ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་ལུས་རྩལ་བྱེད་སྒོ་སྤེལ་བ་དང་། སྲི་ཞུ་ཅན་གྱི་བུ་ཕྲུག་དང་།མནའ་མ་བཟང་པོ། བཟའ་ཟླ་བཟང་པོ། ཁྱིམ་མཚེས་བཟང་པོ། མག་པ་བཟང་པོ་སོགས་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་སྤེལ་ནས་སྔོན་ཐོན་ལ་སྐུལ་ལྕག་བཏང་། དེ་མིན་སྡེ་བ་འདིར་ད་དུང་དྲ་མིག་ཅན་གྱི་ཡིག་ཚགས་བཟོས་ནས་ཐོན་སྐྱེད་ཐད་ཕན་ཚུན་རོགས་རམ་དང་། ཆ་འཕྲིན་མཉམ་སྤྱོད། འགལ་བ་མཉམ་སྒྲིག བདེ་འཇགས་མཉམ་འགོག་ཁོར་ཡུག་མཉམ་སྲུང་བཅས་ཀྱི་རྣམ་པ་བཏོད་ཡོད་ལ། ཡ་རབས་སྲོལ་བཟང་གི་རྣམ་པ་རྒྱུན་འབྱམས་སུ་ཆགས་ཡོད་པ་དང་། སྡེ་བའི་ཕྱི་ཕྱོགས་སུ་ཚོང་ལས་གཉེར་བའི་ཚོང་བ་དག་གིས་ལོ་རེ་བཞིན་སྡེ་བའི་རྒན་པ་རྣམས་ཀྱི་སྤྱི་གཞུང་ལ་དངུལ་གྱི་ཞལ་འདེབས་འབོར་ཆེན་ཕུལ་ནས་རྒན་པ་རྣམས་རྒྱལ་ས་པེ་ཅིན་སོགས་སུ་ལྟ་སྐོར་ལ་འཁྲིད་ཀྱིན་ཡོད་ཟེར།

ཧོ་ལི་སིའི་སྡོད་དམངས་ཞབས་ཞུ་ལྟེ་གནས།

དོ་དམ་གསར་གཏོད་དང་། འཆམ་མཐུན་སྐུལ་སྤེལ།

སྡེ་བར་ཐོབ་པའི་གཟེངས་རྟགས་སྣ་ཚོགས།

ཏང་ཡོན་བྱ་འགུལ་ཁང་།

ཧོ་ལི་སི་སྡེ་བའི་སྤྱིའི་གནས་ཚུལ།

སྡེ་དམངས་ཀྱི་སྡོད་ཁང་།

སྡེ་དམངས་ཀྱི་སྡོད་ཁང་།

གསར་འགོད་པ། ཚེ་མ།  ལྕགས་ཐར་ཚེ་རིང་།