ས་རྒོད་ལས་དབུལ་ཐར་གྱི་མྱུ་གུ་འབུས་པ།
2019.07.17 ཁུངས། ཀློག་གྲངས། 31

བགྲང་བྱ་བདུན་ཅུ་འཛུམ་གྱིས་བསུ། དུས་རབས་གསར་བར་འབད་པས་བསྐྱོད།

གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ།  དབང་རྒྱལ་ཚེ་རིང་།  ཐུབ་བསྟན། ཐུབ་བསྟན་རྡོ་རྗེ།) དེ་རིང་ནི་ཟླ་6པའི་ཚེས་25རེད། ང་ཚོ་བཅར་འདྲི་ཚན་ཆུང་གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་ཏེ། རྨ་ཆུ་སྔོན་མོའི་འགྲམ་ངོགས་བརྒྱུད་ནས་ཀྲུང་གོའི་མདའ་རྩེད་ཀྱི་ཕ་ས་གཅན་ཚ་མདའ་མོ་གཡང་རྫོང་གི་ཉེ་བའི་ལོ་འདི་འགའི་རིང་གི་གནད་འཁེལ་དབུལ་སྐྱོར་དང་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུའི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ཐད་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་དུ་སོང་བ་ཡིན། ང་ཚོར་རྫོང་དྲིལ་སྒྲོག་པུའུ་དང་ས་གནས་མང་ཚོགས་འགའ་རེས་འོས་སྦྱོར་བྱས་པ་ལྟར་ནང་ཁོག་ཞང་ས་དཀར་གོང་སྡེ་བར་སོང་ནས་དབུལ་ཐར་ཕྱོགས་ཀྱི་བཅར་འདྲི་རག་བསྡུས་ཤིག་བྱས་པ་ཡིན།

ས་དཀར་གོང་སྡེ་བ་ནི་གཅན་ཚ་རྫོང་མཁར་ནས་སྤྱི་ལེ་བཅོ་ལྔའི་ནུབ་བྱང་མཚམས་སུ་ཡོད་ལ། མཚོ་ངོས་ལས་སྨི་2900ཡིན་པའི་རི་མ་ས་ཆའི་སྡེ་བ་ཞིག་རེད། ང་ཚོ་སྡེ་བ་འདིར་ཐོན་མ་ཐག་ཏུ་རང་རེའི་བོད་ཀྱི་ལུགས་སྲོལ་ལྟར་སྡེ་བའི་སྡེ་དཔོན་དང་ཧྲུའུ་ཅུས་སྡེ་མི་འགའ་རེ་ཁྲིད་དེ་ཁ་བཏགས་དཀར་པོ་བཟུང་ནས་ང་ཚོའི་མདུན་བསུས་བ་དང་མཉམ་དུ་སྡེ་བ་ངོ་སྤྲོད་དང་དབུལ་ཐར་ཕྱོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས།

སྡེ་བ་འདིར་དུད་ཁྱིམ་96དང་མི་གྲངས་421ཡོད་པ་ལས་དབུལ་ཕོངས་ཁྱིམ་ཚང་26དང་མི་གྲངས་131ཡོད་པ་རེད། བརྒྱ་ཆའི་དགུ་ཅུའི་ན་གཞོན་ངལ་རྩོལ་པ་དག་ས་ཆ་གཞན་པར་སོང་ནས་སྦྲ་གུར་དང་བོད་ལྭ་བཟོས་ཏེ་དཔལ་འབྱོར་གྱི་ཡོང་འབབ་བཙལ་གྱིན་ཡོད་པས།  སྡེ་བའི་ནང་དུ་ལོ་ལོན་དང་བྱིས་པ་དག་ངལ་རྩོལ་ནུས་ཤུགས་ཅུང་ཞན་པའི་མི་དག་ལྷག་ཡོད་སྟབས། ས་ཞིང་མང་ཆེ་བ་ཐང་རྒོད་དུ་ཆགས་པ་དང་དོན་དངོས་ཀྱི་རྨོ་འདེབས་བྱེད་ཀྱིན་པའི་ས་ཞིང་བརྒྱ་ཆའི་ཉི་ཤུར་མི་ལོངས་བར་མ་ཟད། སྲོལ་རྒྱུན་གྱི་རྨོ་འདེབས་བྱེད་སྟངས་ཡིན་པ་དང་རི་མ་ས་ཆ་ཡིན་པས་གནམ་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད་སྟབས་དཔལ་འབྱོར་ཡོང་འབབ་ཉུང་བ་དང་འཚོ་བའི་ཆ་རྐྱེན་ཅུང་ཞན་པ་རེད། ཡིན་ཡང་ས་དཀར་གོང་སྡེ་བ་ནི་རྫོང་ཡོངས་ནས་ས་གཤིས་ཅུང་བཟང་བའི་གྲས་སུ་ཡོད་པ་དང་། ས་རྒྱུད་བཟང་ལ་ས་ནག་མང་བས་འདེབས་འཛུགས་བྱེད་པའི་ཆ་རྐྱེན་ཡོངས་སུ་འཛོམས་པ་རེད། རྫོང་དང་ཞང་སྲིད་གཞུང་གིས་སྡེ་བ་འདིའི་དཔལ་འབྱོར་ཡོང་འབབ་ཇེ་མཐོ་དང་དབུལ་ཐར་བྱ་བར་དམིགས་ནས་ས་གཤིས་ལེགས་པོ་བེད་སྤྱད་དེ་2018ལོའི་ཟླ་བཞི་བར་གཅན་ཚ་རྫོང་བར་སྒང་ལོ་ཡག་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་96ནང་དུ་ཞུགས། མཉམ་ལས་ཁང་དུ་ཞུགས་ཚད་བརྒྱ་ཆའི་བརྒྱར་སླེབས་པ་རེད། ལོ་དེར་ཚོད་ལྟའི་ཚུལ་གྱིས་ནས་ས་མུའུ་1200དང་ལོག་དཀར་སོགས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བྱས་པར་མ་ཟད། སྤྱིའི་ཡོང་འབབ་སྒོར་ཁྲི་5.8ལ་སླེབས་ཡོད་པས། ལོ་འཇུག་ལ་སྡེ་བའི་ས་ཞིང་ཡོངས་ས་མུའུ2070མཉམ་ལས་ཁང་དུ་མ་རྐང་བཞག་པ་རེད།

2019ལོར། མཉམ་ལས་ཁང་གི་ཡོང་འབབ་ཇེ་ཆེར་གཏོང་བ་དང་། ས་རྒྱུད་བཟང་པོ་བེད་སྤྱོད་གང་ལེགས་བྱེད་པ། ཉེ་འཁོར་གྱི་ཚོང་རའི་དགོས་མཁོ་བཅས་ལ་དམིགས་ནས། ཞང་ཏང་ཨུ་དང་ཞང་སྲིད་གཞུང་གིས་སྣེ་ཁྲིད་དེ་ཀན་སུའུ་ཞིང་ཆེན་བ་ཙེ་རྫོང་ཞི་ཀྲིན་ཁེ་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་ཟི་དང་སྡེབ་ཉོ་སྡེབ་འཚོང་གི་གན་རྒྱ་སྔོན་ལ་བཞག་རྗེས། ལྕ་བ་当归ས་མུའུ་650དང་།ནས་དང་ལོག་དཀར་ས་མུའུ་720འདེབས་འཛུགས་བྱས། ས་གཤིས་ཅུང་ཞན་པའི་ཞིང་སར་སྐྱེར་བ་毛苕子ས་མུའུ་700འདེབས་འཛུགས་བྱས་པ་རེད། སྡེ་མིའི་ཡོང་འབབ་ཁག་ཐེག་བྱ་ཆེད་ལྕ་བའི་ས་བོན་ཀུང་ཟིས་མཁོ་སྤྲོད་བྱས་པར་མ་ཟད། སྔོན་གྱི་འདེབས་འཛུགས་དང་རྗེས་ཀྱི་དོ་དམ་སོགས་སྡེ་མིར་མཛུབ་ཁྲིད་བྱས་ལ། དེར་མ་ཟད་རྒྱ་མ་གཅིག་ལ་སྒོར་2.5ལྟར་ཉོ་སྒྲུབ་བྱ་བའི་ཁེ་ལེན་བྱས་ཏེ་མཉམ་ལས་ཁང་གི་འདེབས་འཛུགས་ཉེན་ཁ་ཇེ་དམའ་རུ་བཏང་བ་རེད།

མིག་སྔར་གྱི་ལྕ་བ་དང་ཞིང་ལས་སྐྱེ་དངོས་སོགས་ཀྱི་སྐྱེས་སྟོབས་ཤིན་ཏུ་བཟང་བར་བལྟས་ནས་ཆེད་མཁས་བའི་སྔོན་དཔག་བྱས་པ་ལྟར་ན། ལྕ་བ་ཐོན་འབབ་རྒྱ་མ་ཁྲི་30དང་ཡོང་འབབ་སྒོར་ཁྲི་75 ལོག་དཀར་ཐོན་འབབ་རྒྱ་མ་ཁྲི2.7དང་ཡོང་འབབ་སྒོར་ཁྲི་6.48  ནས་ཐོན་འབབ་རྒྱ་མ་ཁྲི་7.31དང་ཡོང་འབབ་སྒོར་ཁྲི་10.2བཅས་རེད། 2019ལོར་སྔོན་དཔག་བྱས་པ་ལྟར་ན་ཁྱོན་བསྡོམས་ཡོང་འབབ་སྒོར་ཁྲི་91.68ཡོད་པ་དང་། 2020ལོར་མཉམ་ལས་ཁང་གི་ཐོན་རྫས་རིན་ཐང་སྒོར་ཁྲི་བརྒྱ་ལས་བརྒལ་ཏེ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2000ལྷག་སླེབས་པའི་འཆར་གཞི་ཡོད་པ་རེད།

སྡེ་བ་འདིར་མཚོན་ན་ཡང་ཏང་གི་ཡང་དག་པའི་སྲིད་ཇུས་དང་སྒོས་སུ་དབུལ་ཐར་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ་རྫོང་དང་ཞང་སྲིད་གཞུང་གི་སྣེ་ཁྲིད་དང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཐང་རྒོད་དུ་ཆགས་ཡོད་པའི་ས་ཞིང་དག་ལས་ཡོང་འབབ་མེད་པ་ནས་ཡོད་པ། དབུལ་ཕོངས་ལས་དབུལ་ཐར་གྱི་ཕྱོགས་སུ་སྐྱོད་ཀྱིན་ཡོད་པས། སྡེ་མི་ཡོངས་ཀྱི་ གདོང་ལ་འཛུམ་གྱི་ལེར་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་ཆོད་སེམས་དང་སྤོབས་པའི་ཁེངས་ཡོད་པ་རེད།