རྡོ་སྣུམ་གྱི་ཕ་ས། མང་ཨེ་གྲོང་ཁྱེར།
2019.10.26 ཁུངས། ཀློག་གྲངས། 117

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)  ཟླ10པའི་ཚེས26ཉིན་གྱི་ཞོགས་པར། 2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོ་སྟེ་ང་ཚོའི་བཅར་འདྲི་ཚན་ཆུང༼ཚྭ་མཚོའི་ཕ་ས། ན་གོར་མོ་གྲོང་ཁྱེར།༽ནས་ལམ་ལ་ཆས་ཏེ་བཅར་འདྲིའི་ས་ཚིགས་བཞི་བ་སྟེ་ས་ལེ་བར་བཞི་བརྒྱ་ལྷག་གིས་ཆོད་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་ལྷོའི་རྒྱུད་དུ་ཆགས་ཡོད་པའི༼མཚོ་སྔོན་གྱི་ནུབ་སྒོ་ཆེན་མོའམ་མཐའ་ཡས་པའི་མང་ཨེ་གྲོང་ཁྱེར། ༽དུ་བསྐྱོད་ནས་བཅར་འདྲི་བྱེད་འགོ་བརྩམས།

ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ་དང་ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས་ཞེས་པ་བརྗོད་དོན་དུ་བཟུང་བའི། ཉིས་སྟོང་བཅུ་དགུ་ལོའི་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོ་གསར་འགོད་ཚན་ཆུང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་བོད་རིགས་རང་སྐྱོང་ཁུལ་མང་ཨེ་གྲོང་ཁྱེར་གྱི་རང་བྱུང་ཐོན་ཁུངས་ཅུའུ་རུ་ཕྱིན་ཏེ་བཅར་འདྲི་བྱས་ཤིང་། མང་ཨེ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུའུ་ཡི་མགོ་གཙོ་ཅ་ཆིན་ལིས་ཀྱིས་གསར་འགོད་པ་དག་ལ་རང་བྱུང་ཐོན་ཁུངས་ཅུའུ་ཡི་བྱ་བ་སྒྲུབ་སྟངས་དང་གསར་དུ་བསྐོས་པའི་སྲིད་གྲོས་ཨུ་ཡོན་གྱི་འགན་ནུས་འདོན་སྤེལ་ཐད་དུ་ཁ་བརྡ་བྱས།

  མང་ཨེ་གྲོང་ཁྱེར་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་གསར་དུ་བཙུགས་ཤིང་།མང་ཨེ་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་ངེས་བགྲོད་ལམ་རྒྱུད་དུ་ཆགས་ཡོད་ཅིང་།མཚོ་སྔོན་ནས་ཀན་སུའུ་ལ་བགྲོད་སའི་ལམ་དང་བོད་ལྗོངས་དང་ཞིན་ཅང་དུ་འགྲོ་སའི་བརྒྱུད་ལམ་གཙོ་གྲས་ཤིག་ཡིན་པར་མ་ཟད།མཚོ་སྔོན་དང་ཞིན་ཅང་གི་སྤྱི་ཚོགས་བརྟན་བརླིང་ཐད་དོན་སྙིང་གལ་ཆེན་ལྡན་པའི་ས་ཁུལ་ཞིག་ཀྱང་ཡིན་པས།མཚོ་སྔོན་གྱི་ནུབ་སྒོ་ཆེན་མོའི་འགན་ནུས་འདོན་སྤེལ་ཐད་དུ་དགེ་མཚན་ཆེན་པོ་ལྡན།

མང་ཨེ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུའུ་ཡི་མགོ་གཙོ་ཅ་ཆིན་ལུས་ཀྱིས་གསར་འགོད་པ་དག་ལ་རང་བྱུང་ཐོན་ཁུངས་ཅུའུ་བཙུགས་ནས་ལོ་ངོ་གཅིག་འགོར་བའི་རིང་དུ་བསྒྲུབས་པའི་བྱ་གཞག་གལ་ཆེན་ངོ་སྤྲོད་ཞིབ་རྒྱས་བྱེད་བཞིན་པ།

ཉིན་དེའི་གསར་འགོད་བཞུགས་མོལ་ཚོགས་འདུའི་སྟེང་དུ་རྒྱུས་ལོན་པ་ལྟར་ན།ཅ་ཆིན་ལིས་ནི་མང་ཨེ་གྲོང་ཁྱེར་གྱི་སྐབས་དང་པོའི་སྲིད་གྲོས་ཨུ་ཡོན་ཡིན་ཞིང་།སྲིད་གྲོས་ཨུ་ཡོན་གྱི་འགན་འཁུར་ནས་ལོ་ངོ་གཅིག་ཙམ་འགོར་བའི་རིང་དུ།ཁོས་སྲིད་གྲོས་ཨུ་ཡོན་གྱི་འགན་ནུས་ལྷུར་ལེན་སྒོས་མང་ཨེ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་ཐད་དུ་འཆར་བཀོད་བློ་འདོན་དང་བློ་གྲོས་རྩལ་འདོན་བྱས་འདུག

ཅ་ཆིན་ལིས་ཀྱིས་བཤད་རྒྱུར།ད་ལོའི་ལོ་སྟོད་དུ་རང་བྱུང་ཐོན་ཁུངས་ཅུའུ་འདི་ཡིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་།རང་བྱུང་ཐོན་ཁུངས་ཅུའུ་ཡི་ཡང་དག་སྣེ་ཁྲིད་འོག་ཏུ།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ།གཟབ་ནན་སྒོས་ལས་འགན་ཁུར་འཁྱེར་གྱིས་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པ་དང་།གྲོན་ཆུང་སྲི་ཚགས་ཀྱིས་རང་བྱུང་ཐོན་ཁུངས་བཀོལ་སྤྱོད་བྱེད་པར་དམ་དུ་དམིགས་ཏེ།སེམས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཁེ་ཕན་ལ་ཁག་ཐེག་བྱེད་པའི་བྱ་བའི་གནས་ཐིག་གཏན་འཁེལ་སྒོས་བྱ་བ་གལ་ཆེན་མཐའ་དག་ལ་བརྟན་བརླིང་སྐུལ་འདེད་བྱས་ཤིང་།གནས་བབ་ངོས་འཛིན་དང་དམིགས་འབེན་གཏན་འཁེལ།གཟབ་ནན་དངོས་འབེབ་ཀྱི་སྒོ་ནས་རིམ་པ་སོ་སོའི་བྱ་བའི་ལས་འགན་ལེགས་འགྲུབ་བྱས་ཡོད་ཅིང་།ད་ལོའི་ལོ་སྟོད་དུ།གྲོང་ཁྱེར་འདི་གས་རྒྱལ་ཁོངས་ལྗང་བསྒྱུར་ལས་གཞིར་མུ་མཐུད་དུ་སྐུལ་འདེད་བྱས་ཏེ།རང་བྱུང་ཐོན་ཁུངས་ཅུའུ་ཡི་དབུ་ཁྲིད་སྒོས་གྲོང་ཁྱེར་གྱི་ཐད་གཏོགས་ཁེ་ལས་དང་ལས་ཁུངས་གི་མི་སུམ་བརྒྱ་ལྷག་ལ་ཉིས་སྟོང་བཅུ་དགུ་ལོའི་དམངས་ཡོངས་ཀྱི་སྡོང་འཛུགས་བྱ་བའི་ལས་འགན་རྩ་འཛུགས་བྱས་ཤིང་།མུའུ་བརྒྱ་དང་ཉི་ཤུའི་ས་རུ་སྡོང་ཕྲུག་ཉིས་ཁྲི་བཞི་བཅུ་བཙུགས་ནས་ལྗང་མདོག་ཅན་དུ་བསྒྱུར་བར་བྱས་རྗེས་བཞག་ཟེར།