སྟོབས་ཤུགས་ཡོད་དགུ་བཏོན་ནས་ཁུ་ནུའི་དངོས་ཟོག་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་ཁ་ཕྱོགས་མངོན་འགྱུར་བྱེད་པ།
2019.10.26 ཁུངས། ཀློག་གྲངས། 112

 (གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ།  དཔལ་འཛོམས།) 2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོ༼ཚྭ་མཚོའི་ཕ་ས། ན་གོར་མོ་གྲོང་ཁྱེར།༽གྱི་ཁུ་ནུའིདངོས་ཟོག་སྐྱེལ་འདྲེན་གླིང་དུ་བསྐྱོད་ནས་སྒྲིག་བཀོད་འཛུགས་སྐྲུན་དང་སྲིད་གྲོས་ཀྱི་ལས་དོན་ཐད་བཅར་འདྲི་བྱེད་འགོ་བརྩམས།

  ན་གོར་མོ་གྲོང་ཁྱེར་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་སུ་གནས་ཤིང་། བོད་ལྗོངས་དང་ཞིན་ཅང་དུ་བསྐྱོད་པའི་ས་ཚུགས་གལ་ཆེན་ཞིག་ཡིན་པ་དང་།  2018ལོའི་ཟླ12པར་ན་གོར་མོ་གྲོང་ཁྱེར་ནི་སྐམ་སའི་གྲུ་ཁའི་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས་ཀྱི་གྲོང་ཁྱེར་དུ་འཆར་འགོད་བྱས། རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་གྱི་འགྲིམ་འགྲུལ་ལྟེ་གནས་དང་དངོས་ཟོག་སྐྱེལ་འདྲེན་བྱེད་གནས་ཀྱི་གྲོང་ཁྱེར་ཆགས་པར་བྱ་ཆེད། ན་གོར་མོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གོང་སྤེལ་འཐབ་ཇུས་གཙོ་གནད་དུ་བཟུང་སྟེ། ན་གོར་མོ་ཕྱོགས་བསྡུས་ལྟེ་གནས་གྲོང་ཁྱེར་དང་། ཁུ་ནུའི་དངོས་ཟོག་སྐྱེལ་འདྲེན་གླིང་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་།

      ཁུ་ནུའི་དངོས་ཟོག་སྐྱེལ་འདྲེན་ལས་རིགས་ཀྱི་སྐབས་དང་པོའི་འཆར་འགོད་རི་མོ།

   སྲིད་གྲོས་རིམ་པ་ཁག་གི་འགོ་ཁྲིད་ཀྱིས་ཁྲིད་སྟོན་ཧུར་ཐག་བྱས་པའི་འོག 2017ལོར་ན་གོར་མོ་གྲོང་ཁྱེར་དུ་འགྲིམ་འགྲུལ་གྱི༼རྣམ་གྲངས་ཆེན་མོ་བཅུ་གསུམ༽པའི་མཛོད་ནང་འདྲེན་ལེགས་གྲུབ་བྱུང་བ་སྟེ། ན་གོར་མོ་འགྲིམ་འགྲུལ་ལྟེ་གནས་ཕྱོགས་བསྡུས་ཅན་གྱི་དངོས་ཟོག་འགྲེམས་སྤེལ། ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱུན་ལས་ཨུ་ཡོན་བློ་མཐུན་ལུག་ཞང་ཏུང་གིས་རང་འགུལ་ངང་འགན་འཁུར་བའི་སྣེ་ཁྲིད་བྱས་ནས་རྣམ་གྲངས་དེའི་མ་དངུལ་འཇོག་པའི་འཛུགས་སྐྲུན་དང་ལེན་བྱས་པ་དང་། ལས་གཞི་ཁྱོན་ཐེངས་གཉིས་སུ་གཏོང་བ་དང་།སྐབས་དང་པོའི་མ་དངུལ་གཏོང་གྲངས་ཀྱིས་བསྡོམས་འབོར་སྒོར་དུང་ཕྱུར2.715ཟིན་ཞིང་། རྒྱ་ཁྱོན་མུའུ403དང་། བཟོ་སྐྲུན་རྒྱ་ཁྱོན་གྱིས་སྨི་གྲུ་བཞི་མ་ཁྲི8.5ཟིན་པ་དང་། སྲིད་གྲོས་ཀྱི་རིམ་པ་ཁག་གི་འགོ་ཁྲིད་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་དང་མཐུན་སྦྱོར་ཧུར་ཐག་བྱས་པའི་འོག ལས་གཞི་དེ2017ལོའི་ཟླ4པར་ལས་འགོ་བརྩམས་པ་དང་། 2018ལོའི་ཟླ8པར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། དངོས་ཟོག་བསྡུ་ཉར་དང་། ཆ་འཕྲིན། ཉོ་ཚོང་ཞབས་ཞུའི་ལས་སྒྲུབ། མགྲོན་ཁང་། རླངས་འཁོར་ཕྱིར་འཚོང་དོ་དམ། རླངས་འཁོར་འཇོག་སའི་ལས་ཚུགས། རླངས་འཁོར་འཇོག་ས་བཅས་ཡོད།


       ཁུ་ནུའི་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ཀྱི་རི་མོ།

  ལུག་ཞང་ཏུང་གིས་ད་ལྟ་ན་གོར་མོའི་ཁུ་ནུ་དངོས་ཟོག་སྐྱེལ་འདྲེན་ལས་རིགས་ཚད་ཡོད་ཀུང་སིའི་སྤྱི་གཉེར་པས་འགན་འཁུར་ཡོད་པ་དང་། དུས་མཚུངས་སུ་ན་གོར་མོ་གྲོང་ཁྱེར་གྱི་སྐབས་བདུན་པའི་སྲིད་གྲོས་ཨུ་ཡོན་དང་། སྐབས་བརྒྱད་པའི་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཡང་ཡིན། ལོ་དགུ་ལྷག་གི་སྲིད་གྲོས་ཀྱི་ལས་དོན་ཁྲོད།ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གི་སྤྱོད་ཚུལ་དང་བསམ་བློའི་བྱང་ཚད་བཟང་པོ་དང་ཐུན་མོང་མ་ཡིན་པའི་བྱས་རྗེས་ལ་གྲོང་ཁྱེར་སྲིད་གྲོས་གོང་འོག་གི་གདེང་འཇོག་བཟང་པོ་ཐོབ་པ་རེད། ཁོས་བཤད་རྒྱུར། “སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་གཟི་བརྗིད་ཀྱི་འདུ་ཤེས་དང་། འགན་འཁྲིའི་བསམ་པ། ལས་འགན་གྱི་འདུ་ཤེས་བཅས་གང་འདྲ་བྱས་ན་གཞི་ནས་སྲིད་ཇུས་བཟང་པོར་ཞུགས་ཐུབ་པ་དང་། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་བཅས་ཚད་དང་མཐུན་པའི་སྲིད་གྲོས་ཨུ་ཡོན་ཞིག་བྱེད་ཐུབ་པར”རྒྱུན་དུ་བསམ་གཞིགས་བྱེད་ཀྱིན་ཡོད་ཟེར། 

       ན་གོར་མོ་གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ལིག་ཞང་ཏུང་གྱིས་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

  དུས་རིམ་དང་པོས་ཁུ་ནུའི་དངོས་ཟོག་སྐྱེལ་འདྲེན་གླིང་བདེ་བླག་ངང་འཁོར་སྐྱོད་བྱེད་འགོ་ཚུགས་རྗེས། བློ་མཐུན་ལིག་ཞང་ཏུང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། ཁེ་ལས་ཀྱི་སྣེ་ཁྲིད་དེ་ཁུ་ནུའི་དངོས་ཟོག་སྐྱེལ་འདྲེན་གླིང་གི་དུས་རིམ་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་མུ་མཐུད་དེ་ཞུགས་པ་དང་། ན་གོར་མོ་རྒྱལ་སྤྱིའི་སྐམ་སའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། དུས་སྐབས་གཉིས་པའི་རྣམ་གྲངས་ཀྱི་བྱེད་ནུས་སྣ་ཚོགས་ཀྱིས་རྒྱལ་སྤྱིའི་སྐམ་སའི་འཆར་འགོད་ཀྱི་གཞི་སྒྲོམ་གསལ་པོར་བཀོད་ཡོད། རྒྱལ་སྤྱིའི་སྐམ་ས་འཛུགས་སྐྲུན་བྱེད་པར་སྤྱི་ཕན་རང་བཞིན་གྱི་མ་དངུལ་འཇོག་གྲངས་ཧ་ཅང་ཆེན་པོ་ཉུང་དུ་གཏོང་བར་ཕན་པ། བཟོ་གཏེར་ཐོན་རྫས་ཀྱི་སྐྱེལ་འདྲེན་མ་གནས་ཆུང་དུ་གཏོང་བ་དང་། ས་གནས་དེ་གའི་བཟོ་གཏེར་ཁེ་ལས་ཀྱི་རྒྱལ་ཁབ་ཕྱི་ནང་གི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ། མདོ་དབུས་མཐོ་སྒང་གི་གློག་རྡུལ་ཚོང་དོན་དང་མྱུར་སྐྱེལ་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ས་གནས་དེ་གའི་གླང་ཤ་དང་ལུག་ཤ་དང་འཕང་འབྲས་སོགས་ཁྱད་ཆོས་ལྡན་པའི་ཕྱུགས་རིགས་ཀྱི་ཐོན་རྫས་ཕྱིར་གཏོང་བར་སྐུལ་འདེད་གཏང་རྒྱུ་དང་། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”དང་ན་གོར་མོ་རྒྱལ་སྤྱིའི་སྐམ་མཚོ་འཛུགས་སྐྲུན་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

ཁུ་ནུའི་ཀུང་སུའི་གཞུང་སྒྲུབ་ཁང་།

  མིག་སྔར་ཁུ་ནུའི་དངོས་ཟོག་འགྲེམས་སྐྱེལ་ཁང་དུ་ཕེབས་ནས་དངོས་ཟོག་སྐྱེལ་འདྲེན་ཞབས་ཞུའི་ཁེ་ལས་ཁག500ལ་སླེབས་ཡོད་པ་དང་། ན་གོར་མོ་ཡིས་ས་གནས་དེ་གར་མི3000ལས་མི་ཉུང་བའི་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་བྱས་ཤིང་། གླིང་ཁུལ་དུ་ཉིན་རེར་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་རིགས2500ཡན་སྣེ་ལེན་བྱེད་ཀྱིན་ཡོད་པ་དང་། བོད་ལྗོངས་དང་ཞིན་ཅང་གི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ལ་འཐུས་སྒོ་ཚང་བའི་ཞབས་ཞུ་དང་འགན་སྲུང་མཁོ་འདོན་བྱས་ཡོད་པ་མ་ཟད། འགན་འཁྲིའང་ལག་བསྟར་ནན་མོ་བྱས་ཡོད།

 བློ་མཐུན་ལིག་ཞང་ཏུང་གིས་སྤྱིར་བཏང་གི་ལས་གནས་སྟེང་རང་དཔེ་གཞན་སྟོན་བྱེད་པ་དང་། འཚོ་བའི་དཀའ་ངལ་ཆེ་ཤོས་དང་། གནས་ཚུལ་དམིགས་བསལ་ཅན་ནམ་རོགས་སྐྱོར་དགོས་མཁོ་ཆེ་ཤོས་བཅས་ཀྱི་མང་ཚོགས་དམིགས་བསལ་ཅན་རྣམས་རང་ཉིད་ཀྱི་གྲོགས་པོར་བརྩིས་ནས་ཅི་ནུས་གང་ཐུབ་ཀྱིས་རོགས་རམ་བྱེད་པ། ཁེ་ལས་ཀྱིས་ལས་ཀ་བྱེད་སྐབས་ག་དུས་ཡིན་རུང་མི་ཤུགས་ཐོན་ཁུངས་ཀྱི་སྡེ་ཁག་ནས་ས་གནས་དེ་གའི་དུད་ཚང་དབུལ་པོ་དང་རོགས་རམ་བྱེད་དགོས་མཁན་རྣམས་སྔོན་ལ་བཀོད་སྒྲིག་བྱེད་རྒྱུའི་བླང་བྱ་འདོན་བཞིན་ཡོད་པ་མ་ཟད། གོམ་པ་རྗེས་མར་དངོས་ཟོག་སྐྱེལ་འདྲེན་གླིང་དེ་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་དུ་འགྲོ་བར་ཤུགས་སྣོན་རྒྱུ་དང་། ཕྱིར་སྐྱོད་པའི་འཕེལ་རྒྱས་ཁ་ཕྱོགས་མངོན་འགྱུར་བྱེད་པ། ན་གོར་མོ་དངོས་ཟོག་སྐྱེལ་འདྲེན་ལས་རིགས་ཀྱི་བྱ་བ་སྔར་ལས་ལེགས་པོ་སྒྲུབ་པའི་འོས་འགན་ཡོད་པ་མ་ཟད། ཁོང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྲིད་གྲོས་ཨུ་ཡོན་དང་ཁེ་ལས་མཁས་ཅན་ཞིག་གི་འགན་འཁྲི་ལག་ལེན་དུ་བསྟར་དགོས་ཞེས་བཤད་པ་རེད།