མཚོ་སྔོན་སྣུམ་ཞིང་གི་འདས་མ་ད་གསུམ་གྱི་འཕོ་འགྱུར།
2019.10.27 ཁུངས། ཀློག་གྲངས། 117

ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)ཟླ10པའི་ཚེས27ཉིན། 2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོ་སྟེ། ང་ཚོ་བཅར་འདྲི་ཚན་ཆུང་༼མཚོ་སྔོན་གྱི་ནུབ་སྒོ་ཆེན་མོའམ་རྡོ་སྣུམ་གྱི་ཕ་ས༽མང་ཨེ་གྲོང་ཁྱེར་དུ་མཚོ་སྔོན་སྣུམ་ཞིང་གི་ཐོན་སྐྱེད་ཐད་བཅར་འདྲི་བྱེད་འགོ་བརྩམས།

མཚོ་སྔོན་སྣུམ་ཞིང་གི་ཐོན་སྐྱེད་རྟེན་གཞི་གཙོ་བོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་རང་སྐྱོང་ཁུལ་ཧྭ་ཐུའུ་ཀུའུ་གྲོང་རྡལ་དུ་ཡོད་ལ། དེ་ལ་རྒྱ་མཚོའི་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་སྨི3000ཡོད། གནམ་གཤིས་སྐམ་ཤོས་ཆེ་བ་དང་། བྱེ་རླུང་ཆེ་བ། གྲང་ངར་ཆེ་བ་བཅས་ཡིན། འཛམ་གླིང་གི་རྒྱ་མཚོའི་ངོས་ལས་ཆེས་མཐོ་བ་དང་། རྒྱལ་ནང་གི་སྐམ་སའི་རང་བྱུང་ཆ་རྐྱེན་ཆེས་དཀའ་ཚེགས་ཆེ་བའི་སྣུམ་ཞིང་ཡིན། མཚོ་སྔོན་སྣུམ་ཞིང་གི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཧྭ་ཐུའུ་ཀུའུ་གྲོང་རྡལ་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། སྣུམ་ཞིང་གི་འཕེལ་རྒྱས་ལ་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། བར་སྟོང་རྒྱ་ཆེ་བའི་སྣུམ་འདོན་བཟོ་གྲྭ་བཞི་བ་དེ1995ལོའི་ཟླ2པར་བཙུགས་པ་དང་། མ་བཅོས་རྡོ་སྣུམ་ཐོན་སྐྱེད་དང་རང་བྱུང་སོལ་རླངས་དོ་དམ་སྐྱེལ་འདྲེན་དང་ཕྱིར་འཚོང་བཅས་གཞི་གཅིག་ཏུ་བསྡུས་ཡོད་ཅིང་། རྒྱ་མཚོའི་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་སྨི2700-2800ཡོད་ལ། མཚོ་སྔོན་སྣུམ་ཞིང་གི་རང་བྱུང་ཆ་རྐྱེན་ཆེས་ཞན་ས་དང་། ཁོར་ཡུག་ཆེས་སྡུག་པ། གསར་སྤེལ་དང་དོ་དམ་གྱི་དཀའ་ཚགས་ཆེས་ཆེ་བའི་སྣུམ་ཞིང་ཞིག་རེད། ལྷོ་གཤོག་རི་དང་སྣུམ་ཁུག་གཉིས་ལ་བདག་སྐྱོང་བྱེད་པའི་རང་བརྟེན་སྣུམ་ཞིང་དང་ཚྭ་ཆུའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བརྒྱད་དང་། རྩེ་མཐོའི་རི་བོ། རླུང་ཆེན་རི། ལིའང་ཧྲན་ཙི། ཧུང་ཀུའུ་ཧྲན། ཐེ་སྨི་ལི་སྨི་དང་སྣུམ་བུའི་རིགས་བརྒྱད་ཀྱི་ངལ་ལས་སྣུམ་ཞིང་། སྔ་ཕྱི་སྡེབ་རྩིས་བྱས་ན་སྣུམ་ཁོངས་སུ་གཏོགས་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ88.3དང་། རྡོ་སྣུམ་གྱི་ས་གཤིས་གསོག་ཚད་དུང་ཕྱུར1·328དང་། ལོ་རེའི་མ་བཅོས་རྡོ་སྣུམ་ཐོན་སྐྱེད་བྱེད་ནུས་ཏུན་ཁྲི27དང་། མིག་སྔར་ལས་སྟེང་སུ་ཞུགས་པའི་ལས་བཟོ་བ363ཡོད་པ་དང་། ཆ་སྙོམས་ཀྱི་ལོ་ཚོད་ལོ36ཡིན།

སྣུམ་འདོན་བཟོ་གྲྭས“སྣུམ་གཏེར་འདོན་དཀའ་བའི་དཔེ་སྟོན”གསར་འཛུགས་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ། མ་བཅོས་རྡོ་སྣུམ་ཐོན་ཚད་སྲོག་ཤིང་འབུར་དུ་ཐོན་པ་དང་། སྣུམ་གཏེར་དོ་དམ་དང་། ཐོན་ནུས་འཛུགས་སྐྲུན། བྱེད་ཐབས་རྐོ་འདྲུ་བྱེད་པ། ལག་རྩལ་གྱི་འགག་གནད་སྒྲོལ་བ། ཕྱོགས་བསྡུས་བཅོས་སྐྱོང་། ཁྲོན་པ་རིང་པོ་སླར་གསོ་བྱེད་པ་ལ་སོགས་པའི་གཙོ་གནད་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། བསམ་བློ་བཅིངས་འགྲོལ་དང་། རང་འགུལ་གྱིས་བདེན་དཔང་བྱེད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་ཕན་འབྲས་ཐོན་ཡོང་བར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། གཤམ་གསལ་གྱི་ལས་དོན་ཁག་གཙོ་གནད་དུ་བཟུང་ནས་བསྒྲུབ་བཞིན་ཡོད། གཅིག་ནི་སྣུམ་ཞིང་ས་གཤིས་སྐོར་རེད། སྣུམ་ཞིང་གསར་སྤེལ་དང་དོ་དམ་བྱེད་པའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། དཔྱད་ཡིག་བསྡུ་ལེན་དོ་དམ་དང་། གསར་སྤེལ་ལག་རྩལ་གྱི་སྲིད་ཇུས། ས་འོག་གི་གནས་ཚུལ་དབྱེ་ཞིབ་བཅས་བྱ་རྒྱུའི་ལས་ཀ་ཁག་གསུམ་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱ་དགོས།“སྣུམ་གསོག་རིགས་འབྱེད་རིམ་དབྱེ། གྲངས་ཀ་ཅན་གྱི་སྣུམ་གསོག་”བཅས་སྣུམ་གསོག་དོ་དམ་བྱེད་ཐབས་གསུམ་གྱི་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས། འཕྲེད་ཕྱོགས་ནས་ས་གཤིས་ཀྱི་ཁྱད་ཆོས་མི་འདྲ་བའི་སྣུམ་གཏེར་ལ་གཞིགས་ནས་དེ་དང་མཐུན་པའི་ལག་རྩལ་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་བྱས་པ་དང་། དམིགས་གཏད་རང་བཞིན་དང་། ཉེར་སྤྱོད་རང་བཞིན། ནུས་ལྡན་རང་བཞིན། གཉིས་ནི་ཐོན་ནུས་འཛུགས་སྐྲུན་གྱི་ཐད། སྣུམ་རླངས་ས་གཤིས་ཀྱི་རྨང་གཞི་གཏིང་ཟབ་ཏུ་སྤེལ་ནས། གྲུབ་ཚུལ་ཕྲན་བུ་ངོས་འཛིན་དང་། གསོག་ཉར་རིམ་དབྱེ། སྣུམ་ལྷག་ཁྱབ་སྟངས་ཀྱི་གནས་བབ་སོགས་ཀྱི་ཞིབ་འཇུག་དང་། སྣུམ་གསོག་གི་གནས་ཚུལ་དཔྱད་ཡིག་དང་ཟུང་འབྲེལ་བྱས་ནས། སྣུམ་བྱུགས་ཀྱི་འགལ་བ་གསལ་བོར་བཞེངས་ནས་ཡོད་ལ། ཡང་དག་པའི་སྒོ་ནས་སྣུམ་རིགས་ལྷག་མའི་མི་མངོན་པའི་སྟོབས་ཤུགས་ལ་རེག་ནས། དུས་མཉམ་དུ་ལས་གྲྭ་དང་ས་གཤིས་ཟུང་འབྲེལ་བྱས་ནས། སྣུམ་རིམ་པའི་སྲུང་སྐྱོབ་བྱེད་ཐབས་ལེགས་སྒྱུར་བྱེད་པ། གོ་རིམ་ལ་ཚོད་འཛིན་བྱེད་པ། གསུམ་ནི་བྱེད་ཐབས་མངོན་མེད་ཀྱི་ཕྱོགས་ཡིན། ཚན་རིག་དང་མཐུན་པར་རིགས་པས་ཁུངས་སྐྱེལ་བྱེད་པ་དང་། བྱེད་ཐབས་ལེགས་སྒྱུར། བཟོ་རྩལ་དང་བྱ་ཐབས་ལེགས་འགྱུར། དུས་ཐོག་ཏུ་གདེང་འཇོག་དང་ལེགས་སྒྲིག་བཅས་བྱས་ཏེ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་འགན་ལེན་ཏན་ཏིག་བྱ་དགོས། བཞི་ནི་ཆུ་གཏོང་བའི་ཐད་ཞིབ་ཚགས་བྱ་དགོས། ཚད་དང་ལྡན་པའི་ཆུ་འདྲེན་རྒྱུ་ལྟེ་བར་བཟུང་སྟེ། ཁྲོན་པའི་ཚོ་ཆུང་གིས་སྡེ་ཚན་རིམ་པ་ཆུང་ཆུང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས། ཞིབ་མོའི་མཆན་འགོད་པ་དང་སྙོམས་སྒྲིག་བྱེད་པའི་ལས་ཀར་སྐུལ་འདེད་བཏང་སྟེ། ཆུའི་གསོག་འབོར་ཚོད་འཛིན་དང་བཀོལ་སྤྱོད་བྱེད་ཚད་མཐོ་རུ་བཏང་ནས་སྣུམ་གསོག་ཐོན་སྐྱེད་བརྟན་པོར་བྱེད་པར་རྨང་གཞི་ཡག་པོ་གཏོང་དགོས། ལྔ་ནི་ཁྲོན་པའི་དོ་དམ་ཞིབ་ཚགས་བྱེད་དགོས། མ་བཅོས་རྡོ་སྣུམ་ཐོན་སྐྱེད་བྱེད་པའི་འབྲེལ་ཡོད་སྡེ་ཁག་ཁག་གིས་དུས་རྒྱུན་གྱི་ཐོན་སྐྱེད་འཁོར་སྐྱོད་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲོན་པའི་སྣུམ་ཕྱེ་ཚད་དང་།ཐོན་སྐྱེད་བྱེད་སྐབས་ཀྱི་ཕན་ཚད། དེ་བཞིན་འཕྲུལ་འཁོར་སྔོག་འདོན་བྱེད་ཚད་བཅས་ཧུར་ཐག་གིས་མཐོ་རུ་བཏང་ནས་ཐོན་སྐྱེད་འཁོར་སྐྱོད་བརྟན་པོ་འགན་ལེན་བྱ་དགོས། མཚོ་སྔོན་སྣུམ་ཞིང་སྔོག་འདོན་བཟོ་གྲྭ་བཞི་བ་བཅས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྟོན་དུ་བཟུང་སྟེ། མཐུན་སྒྲིལ་དང་། གསར་གཏོད། དངོས་དོན་གཉེར་བ། ནུས་ཆེའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅིངས་པ། ནུས་ཤུགས་ཡོད་དགུ་བཏོན་ནས“235”ཡི་མ་བཅོས་རྡོ་སྣུམ་ཞིང་ལ་ལེགས་སྐྱེས་གསར་པ་ཕུལ་ཏེ། ནུས་ཤུགས་ཡོད་དགུས་འབྱོར་ཕྱུག་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་ཞེས་བཤད།


མང་ཨེ་གྲོང་ཁྱེར་སྐབས་དང་པོའི་སྲིད་གྲོས་ཨུ་ཡོན། མཚོ་སྔོན་སྣུམ་ཞིང་སྣུམ་འདོན་བཟོ་གྲྭ་བཞི་བའི་ཨུ་ཡོན། རིན་ཡོས་ཧྥོས།

ངའི་མིང་ལ་རིན་ཡོས་ཧྥོས་ཟེར། ཧེ་ལུང་ཅང་ཞིང་ཆེན་གྱི་མི་ཡིན།2013ལོར་བྱང་ཤར་རྡོ་སྣུམ་སློབ་ཆེན་ནས་མཐར་ཕྱིན་པ་ཡིན། ལོ་དེར་མཚོ་སྔོན་སྣུམ་ཞིང་སྣུམ་འདོན་བཟོ་གྲྭ་བཞི་བ་རུ་ཡོང་ནས་བྱ་བར་ཞུགས། 2014ལོར་རྩད་གཅོད་གསར་སྤེལ་ཁང་གི་ལས་རྐང་ཐོག་ལས་ཀ་བྱེད་པར་འགོ་བརྩམས། སྣུམ་གསོག་དོ་དམ་དང་། རྨང་གཞིའི་ཞིབ་འཇུག མཉེན་ཆས་བཀོལ་སྤྱོད་སོགས་ཀྱི་བྱ་བ་གཉེར། མིག་སྔར་འབྲིང་རིམ་བཟོ་བཀོད་པར་འཕར་ཡོད། རང་ཉིད་མང་ཨེ་གྲོང་ཁྱེར་གྱི་སྐབས་དང་པོའི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། འགན་འཁྲི་ཆེ་བ་དང་ཆབས་ཅིག་ཏུ་རང་ཉིད་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་གཏོང་བ། ཨུ་ཡོན་གྱི་མཚན་སྙན་ལ་གཅེས་འཛིན་བྱེད་པ། སྤྲོ་སེམས་རབ་ཏུ་འཕེལ་བ་དང་འགན་འཁྲིའི་བསམ་པ་དྲག་པོར་བརྟེན་ནས། ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པ། གྲོས་མོལ་དང་། དམངས་གཙོས་ལྟ་སྐུལ། སྲིད་ཞུགས་གྲོས་མོལ་བཅས་བྱེད་པའི་འགན་ནུས་འདོན་སྤེལ་གང་ལེགས་བྱ་རྒྱུ། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས། སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་བཞི་ཡོད་ཟེར།