མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་བྱ་བའི་ཐད་གྱི་གླེང་མོལ།
2019.10.30 ཁུངས། ཀློག་གྲངས། 337

ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།) ཟླ10པའི་ཚེས29ཉིན་གྱི་ཕྱི་དྲོར། 2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོ་སྟེ། ང་ཚོ་བཅར་འདྲི་ཚན་ཆུང་གིས་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་དུ་ཡོང་ནས་སྲིད་གྲོས་བྱ་བའི་ཐད་ནས་བཅར་འདྲི་བྱེད་འགོ་བརྩམས།

གསར་འགོད་པས་མཚོ་ནུབ་སྲིད་གྲོས་ཀྱིས་སྤེལ་བའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་རབ་དང་རིམ་པར་བཅར་འདྲི་གཏིང་ཟབ་བྱས་པ་མ་ཟད། འབྲེལ་ཡོད་འགོ་ཁྲིད་ཚོའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཉེ་ལམ་སྤེལ་བའི༼ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།༽2019ལོའི་མཚོ་ནུབ་ཀྱི་སྲིད་གྲོས་བྱ་བའི་འཕོ་འགྱུར་གླེང་བའི་བཅར་འདྲིའི་བྱ་འགུལ་གྱི་ལས་དོན་གཙོར་བཟུང་ནས་གླེང་མོལ་བྱས།


སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན།  མཚོ་ནུབ་ཁུལ་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་ཀླུ་ཁོ་རྒྱལ།

མཚོ་ནུབ་ཁུལ་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་ཀླུ་ཁོ་རྒྱལ་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་ནང་། མཚོ་ནུབ་ཁུལ་སྲིད་གྲོས་ཀྱིས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་ཞིང་ཆེན་སྲིད་གྲོས་ཀྱི་ཞིབ་མོའི་མཛུབ་སྟོན་འོག ཏང་གི་ཚོགས་ཆེན་སྐབས་བཅུ་གསུམ་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྤྱི་དང་ལྷག་པར་དུ་མཚོ་སྔོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྐབས་རིམ་བྱུང་གི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཨུ་ཡོན་ལྷན་ཁང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་དང་པོའི་ཐོག་“སྲོག་ཤིང་”བརྟན་པོ་འཛུགས་རྒྱུའི་“སློབ་སྦྱོང་བྱེད་པའི་”བསམ་བློའི་རྨང་གཞི་བརྟན་པོ་བཅངས་དགོས་ལ། “སྲིད་གྲོས་ནི་ཚན་ཁག་ཆེན་པོ་བཞིའི་ཡ་གྱལ་ཞིག་ཡིན་ཞིང་། སྲིད་གྲོས་ནི་ལས་ཁུངས་གལ་ཆེན་ཞིག་དང་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པས་གཅིག་སྡུད་ཆེ་ཤོས་ཀྱི་སྡེ་ཁག་ཅིག་ཡིན་”ཞེས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་དང་། ཚད་གཞི་མཐོན་པོར་འཛིན་པ། མིག་ལྟོས་བྱ་རྒྱུ་མི་བརྗེད་པ། ནག་ནོག་གི་བསམ་བློ་རྩ་བ་ནས་དོར་ནས། ཚན་ཁག་དམ་འཛིན་ཡག་པོ་དང་། དཔུང་སྡེ་སྣེ་ཡག་པོར་ཁྲིད་པ། སྲིད་གྲོས་ཏང་གི་ཚོ་ཆུང་གི་“གནད་འགག་ཉུང་བའི་”སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ལས་ཀའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ནས་དམིགས་ཚད་ལས་འགན་ཁག་ལེགས་འགྲུབ་ཧུར་ཐག་བྱ་དགོས་པ་དང་། ད་ལྟའི་བར་དུ་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས4འཚོགས་ཏེ། རྒྱུན་ཨུའི་གྲོས་ཚོགས་ཐེངས11དང་། ཏང་གི་ཚོ་ཆུང་གི་ཚོགས་འདུ་ཐེངས40དང་། ཀྲུའུ་ཞིའི་ཚོགས་འདུ་ཐེངས15བཅས་འཚོགས་པ་རེད། ཁུལ་ཡོངས་ཀྱི་སྲིད་གྲོས་མ་ལག་གི་བཞུགས་མོལ་ཚོགས་འདུ་ཐེངས20ལྷག་ཙམ་འཚོགས་པ་དང་། གྲོས་མོལ་ཚོགས་འདུ་སྣ་ཚོགས་ཐེངས30ལྷག་ཙམ་འཚོགས་ཡོད་ཟེར།

 མཚོ་ནུབ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིག་ཡན་ཁྲིན།

མཚོ་ནུབ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིག་ཡན་ཁྲིན་གྱིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་། མཚོ་ནུབ་ས་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་གྲོས་གཞིའི་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས་ནས།《སྲིད་གྲོས་ཀྱི་མཚོ་ནུབ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་སྒྲུབ་གཉེར་དང་གྲོས་མོལ་ལག་བསྟར་བྱེད་ཐབས》གཏན་ལ་ཕབ་པ་དང་། ཁུལ་སྲིད་གྲོས་ཀྱི་གྲོས་གཞིའི་ཨུ་ཡོན་ལྷན་ཁང་གིས་ལོ་རེར་ཨུ་ཡོན་དཔྱད་བསྡུར་ཚོ་ཆུང་བཙུགས་ཏེ། འབྲེལ་ཡོད་གྲོས་གཞིའི་འགན་འཁུར་བའི་ལས་ཁུངས་ལ་གྲོས་གཞི་ཕྱོགས་གཉིས་ཀས་དཔྱད་བསྡུར་བྱེད་པར་ཞུགས་པ་དང་། ཕྱོགས་གཉིས་ཀས་ཁ་གཏད་ནས་སྤེལ་རེས་བྱེད་པར་བརྟེན་ནས་ཕན་ཚུན་དཔྱད་གླེང་བྱེད་པ་དང་། བརྗོད་གཞི་འདྲི་རྩད་བྱེད་པ། ཧེ་བག་འཚོལ་བ། ཐབས་ཇུས་འཚོལ་བ། གྲོས་གཞིའི་ལས་ཀ་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། དུས་མཚུངས་སུ་ལོ་རེར་གཙོ་གནད་གྲོས་གཞི4ནས5བར་གཏན་འབེབས་བྱས་ཏེ་ཁུལ་སོ་སོར་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པས་སྣེ་ཁྲིད་དེ་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་པ་དང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སྒྲིག་འཛུགས་བྱས་ཏེ་ལྟ་སྐུལ་གྱིས་བསྒྲུབ་རྒྱུ། མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་དུ། གྲོས་གཞི་ཁྱོན་བསྡོམས208ལག་འབྱོར་བྱུང་ཞིང་། གྱོད་གཞི་ངོ་གྲངས113ལ་ཞིབ་བཤེར་བྱས་ཏེ་བསྐྱར་སྒྲུབ་བྱེད་ཚད100%ལ་སླེབས་ཡོད་པ་རེད།

     རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་། དེ་སྔའི་ཁུལ་རིམ་པ་དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཅོས་ཧོང་ཧྭས་ཡར་སྤྲད་པའི“རིམ་འབྱེད་ནད་བརྟག་སྨན་བཅོས་ལམ་ལུགས་ཀྱི་རྨང་གཞིའི་ལས་དོན་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི”དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཕུལ་བྱུང་གྲོས་གཞིར་བདམས་ཤིང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་། ཁུལ་རིམ་པ་དང་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཚོགས་ཆེན་སྟེང་“ཐོན་ཁུངས་ཐོན་ཡུལ་དུ་བཀོད་པ་ལེགས་སུ་གཏོང་བར་མ་དངུལ་འཁོར་རྒྱུག་གི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ” “མཚོ་ནུབ་ས་ཁུལ་གྱི་མྱ་ངམ་ཐང་དུ་འགྱུར་བའི་ས་ཞིང་བེད་སྤྱོད་བྱེད་པ། ནུས་ཁུངས་གསར་པའི་ཐོན་ལས་གོང་དུ་སྤེལ་ཤུགས་ཆེ་རུ་གཏོང་བ།”“གཏེར་ལེན་ཁའི་དམངས་སྤྱོད་གནམ་གྲུ་ཐང་གི་མཁའ་ལམ་འཕར་དུ་གཏོང་བ་”ལ་སོགས་པའི་གྲོས་གཞི་གཙོ་གནད20འདོན་སྤྲོད་བྱས་ནས། སྲིད་གྲོས་ཨུ་ཡོན་ཞིང་ཆེན་རིམ་པའི་ངོས་ནས་སྲིད་ཞུགས་སྲིད་མོལ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ཟེར།