ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་གནམ་གྲུར་བསྡད་དེ་པེ་ཅིན་དུ་ཕེབས་འབྱོར་ཟིན་ནས། ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་འགོ་རྩོམ་རྒྱུ་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་རྒྱུ་རེད།
ད་རེས་པེ་ཅིན་དུ་འབྱོར་བའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁྱོན་བསྡོམས་བཅུ་བདུན་ཡོད་ཅིང་། དེ་དག་ནི་སོ་སོར་ཀྲུང་གུང་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་། ཀྲུང་གོ་དམངས་གཙོའི་མནའ་མཐུན། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས། ཞིང་བཟོ་ཏང་། ཅིག་སན་སློབ་ཚོགས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། གྲངས་ཉུང་མི་རིགས། ཆོས་ལུགས་སོགས་ལས་རིགས་ཁག་སོ་སོའི་ཁྱབ་ཁོངས་ཀྱི་མི་སྣ་ཡིན།
ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་པར་བྱེད་པ་དང་“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཡང་ཡིན་པར་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱེད་པ་དང“རྒྱལ་ཁ་གཉིས”བརྩོན་ལེན་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་རེད། ད་ཐེངས་ཀྱི་ཚོགས་འདུ་ཡག་པོ་འཚོགས་ཆེད་ཨུ་ཡོན་ཚོས་བརྟག་ཞིབ་གཏིང་ཟབ་དང་གྲ་སྒྲིག་ཞིབ་ཚགས་བྱས་ཡོད། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་པར་བྱེད་པ། བརྟན་འཇགས་དྲུག་དང་འགན་སྲུང་དྲུག་སོགས་ཀྱི་ལས་འགན་གལ་ཆེན་ལ་གཅིག་གྱུར་འཆར་འགོད་དང་དམ་འཛིན་ཡག་པོ་བྱ་རྒྱུར་དམིགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་ཀྱིན་པའི་གླེང་རིན་ཆེ་ལ་གླེང་ཐེངས་མང་བའི་གནད་དོན་དང་དཀའ་གནད་ལ་དམིགས་ནས་ཇུས་འདོན་ཧུར་ཐག་བྱས་ཡོད། ཨུ་ཡོན་ཚོས་མགྲིན་གཅིག་དབྱངས་གཅིག་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས། རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱབ་ལྗོངས་འོག་འཚོགས་པའི་དོན་སྙིང་གལ་ཆེན་ཁོང་དུ་ཟབ་མོར་ཆུད་པར་བྱས་ཏེ། ཚད་མཐོའི་ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་འདུ་ཤེས་ཐོག་ནས་ཚོགས་འདུར་ནན་ཏན་ངང་ཞུགས་པ། རང་འགན་གཙང་སྒྲུབ་ཀྱིས་དུས་རབས་གསར་བ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱ་རྒྱུ་ཡིན་ཟེར།
ཨུ་ཡོན་ཀྲང་ཀྲིག་ཕིན་གྱིས་བཤད་རྒྱུར། བརྟག་དཔྱད་ཞིབ་འཇུག་དང་བསམ་གཞིགས་གཏིང་ཟབ་བྱས་པ་བརྒྱུད། ངས་གྲོས་གཞི10གྲ་སྒྲིག་བྱས་པ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་མཚོ་སྔོན་གྱི་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་སོགས་དང་འབྲེལ་བ་ཡོད་པར་མ་ཟད། དེར་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་འགན་འཁྲི་གལ་ཆེན་དང་དོན་སྙིང་དམིགས་བསལ་ལྡན། ང་ཚོས་ཨུ་ཡོན་གྱི་འགན་འཁྲི་ཡག་པོ་བསྒྲུབ་ནས་མཚོ་སྔོན་གྱི་གྲུབ་འབྲས་དྲིལ་བསྒྲགས་བྱེད་དགོས། མཚོ་སྔོན་གྱི་བསམ་ཚུལ་དང་བྱེད་སྟངས་སྤེལ་རེས་བྱས་ནས་མཚོ་སྔོན་གྱི་ཇུས་གཞི་བཟང་པོ་བཏོན་ཏེ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་ནུས་ཤུགས་ཡོད་རྒུ་འདོན་དགོས་ཟེར།
ཨུ་ཡོན་ལིས་ཆིན་གྱིས་བཤད་རྒྱུར། ད་རེས་ཀྱི་ཚོགས་ཆེན་གཉིས་ལ་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད་ལ། རང་ཉིད་ཀྱིས་ནུས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་སྔར་ལས་ཆེ་བ་བརྩོན་ལེན་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན། མིས་བཟོས་རིག་ནུས་རྒྱ་ཁྱབ་ངང་སྤྱོད་རྒྱུར་སྐུལ་འདེད་བཏང་ནས། བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་བཏང་ནས། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་རོགས་སྐྱོར་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་པར་མ་ཟད། དམངས་གཉེར་ཁེ་ལས་ཀྱི་འགན་འཁྲི་བརྒྱུད་བསྒྲགས་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་དཀའ་ངལ་མཚོན་པ་དང་གཟིགས་སྐྱོང་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པར་འབོད་སྐུལ་བྱས་ཡོད་ཟེར།
ཨུ་ཡོན་མཱ་ཡའེ་ཞང་གིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་རྒྱུ་དང་། མཚོ་སྔོན་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་མི་དམངས་མང་ཚོགས་ཀྱི་བསམ་འདུན་རྣལ་མ་ཚོགས་ཆེན་གཉིས་ཀྱི་ཐོག་འཁྱེར་ནས། མཚོ་སྔོན་གྱི་སྐད་སྒྲ་བརྒྱུད་བསྒྲགས་ཧུར་ཐག་བྱེད་རྒྱུ་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།