སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་དམངས་ཆེན་འཐུས་མི་རྣམས་ཁ་སང་པེ་ཅིན་དུ་འབྱོར།
2020.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་དམངས་ཆེན་འཐུས་མི་རྣམས་པེ་ཅིང་དུ་བདེ་བླག་ངང་འབྱོར་ནས། ཚོགས་ཆེན་ལ་འབྱོར་ཐོ་བཀོད།

ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་པར་བྱེད་པ་དང་“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན། དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཡང་ཡིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་བསྡུ་རྒྱུ་ནི། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་སྐུལ་སློང་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། མི་བརྒྱ་སེམས་གཅིག་དང་གསར་གཏོད་ཡར་བརྩོན། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་བ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་ཁྲོད། གྲངས་ཉུང་མི་རིགས་ཀྱི་འཐུས་མིས་བརྒྱ་ཆའི་ལྔ་བཅུ་བཟུང་ཡོད་པར་མ་ཟད། མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། ཁོང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་ཆེན་འཐུས་མིའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་ལེན་དུ་བསྟར་བ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་གང་ཐུབ་བྱེད་པ། ཏང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དང་། མི་དམངས་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་ཡུལ་དང་ཆེས་གླེང་རིན་ཡོད་པའི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱེད་རྒྱུ་རེད། གྲོས་གཞི་དང་གྲོས་འགོ་ནན་ཏན་ངང་འདོན་རྒྱུར་སྔ་ས་ནས་ཟིན་བྲིས་བཏབ་སྟེ། ད་ཐེངས་པེ་ཅིང་དུ་ཚོགས་འདུར་ཞུགས་རྒྱུར་གྲ་སྒྲིག་ཞིབ་ཚགས་བྱས་ཡོད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁུང་ཆིང་ཅུས་སེམས་འགུལ་ཆེན་པོ་ཐེབས་ནས་བཤད་རྒྱུར། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་དམིགས་བསལ་རྒྱབ་ལྗོངས་འོག་བསྡུ་འཆར་ཡོད་པས། མང་ཚོགས་ཀྱི་རེ་སྒུག་དང་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད། དམངས་ཆེན་འཐུས་མི་ཞིག་ཡིན་པའི་ངོས་ནས་སེམས་འགུལ་ཆེན་པོ་ཐེབས་ཏེ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་དབང་ཆ་ནན་ཏན་གྱིས་སྤྱོད་པ་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། གྲོས་རིམ་ཁག་ལ་གྲོས་ཞིབ་ཡག་པོ་བཅས་བྱེད་རྒྱུ་ཡིན་ཟེར།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་མཱ་དབྱི་ཟི་ཧྥུའུ་ཡིས་ད་ལོའི་དམངས་ཆེན་གྲོས་ཚོགས་སྟེང་གྲོས་འགོ་གཉིས་འདོན་རྩིས་ཡོད་ཅིང་། དེ་ལས་གཅིག་ནི་རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་གཞི་ཡིན། ཅིག་ཤོས་དེ་ནི་རྨོ་བསྐྱུར་ནགས་གསོའི་ཁ་གསབ་དུས་བཅད་ཇེ་རིང་དུ་གཏོང་བ་དང་། རྨོ་བསྐྱུར་ནགས་གསོའི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བའི་སྐོར་གྱི་གྲོས་གཞི་རེད། ཁོས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་མཁྲེགས་གཏོར་དཀའ་སེལ་བྱས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་གཅིག་གྱུར་བཀོད་འདོམས་དང་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱི་སྟོབས་ཤུགས་གོང་བུར་བསྒྲིལ་ན། ང་ཚོ་དཀའ་ངལ་དང་ཉེན་ཁ་གང་རུང་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་ཟེར།

འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་བསྟན་དོན། སེམས་ཤུགས་གཅིག་སྡུད་ཀྱིས་ཚོགས་འདུ་ཡག་པོ་འཚོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པ། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་བྱེད་པ། “སྔོན་འགྲོག་གཅིག་དང་་སྤུས་ལེགས་གཉིས”ཀྱི་ཐབས་ཇུས་ལ་སྐུལ་འདེད་གཏོང་བ། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་བྱེད་པ། “དཔལ་འབྱོར་གྱི་རྣམ་པ་བཞི”གཏོད་པ་བཅས་ཀྱི་ཁྲོད་བློ་གྲོས་དང་སྟོབས་ཤུགས་སྔར་ལས་གཅིག་ཏུ་སྒྲིལ་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།