ཚེས་ཉེར་གཅིག་ཉིན་གྱི་དགོང་མོར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་ང་བདུན་པ་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་མཛིན་མཛད།
སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་ང་བདུན་པ་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་མཛིན་མཛད།
ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་འཐུས་ཚབ་ཚོགས་པ་སོ་སོས་གྲོས་ཚོགས་བསྡུས་ནས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་དང་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་བྱས།
ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་བསྡུས་པའི་ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་ཡིས་ཕུལ་བའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་དང་གྲོས་རིམ་འཆར་ཟིན་གྱི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། འཆར་ཟིན་དེ་གཉིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་གྲོས་ཚོགས་སྟེང་འདེམ་བསྐོ་དང་བརྡས་ཐག་གཅོད་པར་རེ་ཞུ་བྱེད་རྒྱུའི་ཐག་བཅད།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་དང་ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡུའེ་ཡུའེ། ཅི་པིང་ཞོན། ཨེ་ལི་ཀུན.དབྱི་མེན་པ་ཧྭེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པད་མ་འཕྲིན་ལས། ཏིང་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏཱ་ཧྥུན། ཝུའུ་ཝེ་ཧྭ་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།