ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞིའི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དང་པོ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞིའི་ཚོགས་པས་ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དང་པོ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ལ་འབྱོར་དགོས་པའི་འཐུས་མི་བརྒྱ་དང་དོན་བཞི་ཡོད་པ་དང་། དངོས་སུ་འབྱོར་བ་བརྒྱ་དང་དོན་གསུམ་ཡོད་ལ། མི་གཅིག་ཆད་ཡོད། གྲོས་ཚོགས་ལ་ཞུགས་པའི་མི་གྲངས་དེ་བཅའ་ཁྲིམས་ཀྱི་གཏན་འཁེལ་མི་གྲངས་དང་མཐུན་པ་རེད།
གྲོས་ཚོགས་ནས་ཐོག་མར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་མཚམས་སྦྱོར་འདེམ་བསྐོ་བྱས། ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དེ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ཀྱིས་འགན་ཁུར་དགོས་པ་དང་། ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ལ་མགོ་འཛིན་བྱས།
གྲོས་ཚོགས་ནས་བརྡས་ཐག་བཅད་དེ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཉིན་རིམ་ལ་གྲོས་འཆམ་བྱུང་། གྲོས་ཚོགས་ཀྱི་ཉིན་རིམ་ལྟར་ན། ཐེངས་འདིའི་ཚོགས་ཆེན་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་འཚོག་རྒྱུ་ཡིན་པ་དང་། ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་གྲོལ་རྒྱུ་ཡིན་ལ། ཚོགས་ཡུན་ཉིན་བདུན་ཡིན་པ་རེད།
རྒྱལ་ཡོངས་དམངས་ཆེན་གྲོས་དོན་སྒྲིག་སྲོལ་གྱི་གཏན་འཁེལ་ལྟར་ན། ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོས་ཀྲུའུ་ཞིའི་ཚོགས་པའི་ཁོངས་མི་རེ་འགའ་བདམས་ནས་ཐེངས་རེའི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞིའི་འགན་ཁུར་དུ་འཇུག་རྒྱུ་རེད། བརྡས་ཐག་བཅད་པ་བརྒྱུད་གྲོས་ཚོགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འདེམ་བསྐོ་བྱས།
གྲོས་ཚོགས་ནས་བརྡས་ཐག་བཅད་པ་བརྒྱུད། དབྱང་ཀྲིན་ཝུའུ་དང་ཞིན་ཁྲོང་དབྱིན། ལིས་ཧྥེ། ཀྲང་ཡེ་སུའེ། ཐང་ཧྥང་ཡུས། ལིས་པའོ་རོང་བཅས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པར་བསྐོ་འཇོག་བྱེད་པ་ཐག་བཅད། གྲོས་ཚོགས་ནས་ཀྲང་ཡེ་སུའེ་ཡིས་ཚོགས་ཆེན་གྱི་མགྲིན་ཚབ་པའི་འགན་ཁུར་རྒྱུ་གཏན་འཁེལ་བྱས།
གྲོས་ཚོགས་ནས་བརྡས་ཐག་བཅད་པ་བརྒྱུད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ནས་བརྡས་ཐག་གཅོད་པའི་ཇུས་གཞིའི་བྱེད་ཐབས་ཐག་གཅོད་བྱས། གྲོས་ཚོགས་ནས་འཐུས་མིས་གྲོས་གཞི་འདོན་པའི་ཡུན་ནི་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་གྱི་ཉིན་གུང་དུས་ཚོད་བཅུ་གཉིས་བར་ཡིན་པར་ཐག་བཅད། གྲོས་ཚོགས་སྐབས་སུ་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོས་འཐུས་ཚབ་ཚོགས་པ་དང་འཐུས་མིས་བཏོན་པའི་ཇུས་གཞིར་ཞིབ་འཇུག་དང་ཐག་གཅོད་བསམ་འཆར་འདོན་པ་དང་། ཀྲུའུ་ཞིའི་ཚོགས་པས་ཐག་གཅོད་བྱེད་པར་སྙན་ཞུ་འབུལ་རྒྱུ་རེད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།