ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་ཧྲན་ཞིའི་འཐུས་ཚབ་ཚོགས་པར་ཡོང་ནས། འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་མཛད།
འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་ཧན་ཀྲིན་གྱིས་བསྟན་དོན། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་མཐའ་གཅིག་ཏུ་ཁས་ལེན་བྱེད་བཞིན་ཡོད་ཟེར། ཁོང་གིས་བཤད་རྒྱུར། ཉིས་སྟོང་བཅུ་དགུའི་ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་བརྩོན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་པར་མ་ཟད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགསའགྲུབ་པར་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏིངས་ཡོད། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་འདོམ་དང་བཀོད་སྒྲིག་མཛད་ཅིང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་གོང་འོག་ཚང་མའི་སྣེ་ཁྲིད་ནས་རིམས་ནད་འགོག་སྲུང་གི་བྱ་བ་མྱུར་དུ་སྤེལ་ནས། འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་ཡོད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རིམས་ནད་འགོག་སྲུང་ལ་འཛམ་གླིང་ཡོངས་ཀྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་མཇུག་འབྲས་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་སྣེ་ཁྲིད་བྱས་པའི་མཇུག་འབྲས་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་མཇུག་འབྲས་ཡིན་ཟེར།
ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ད་ལོར་རང་རྒྱལ་གྱི་འཕེལ་རྒྱས་ཐད་བྱུང་བའི་འགྲན་རྩོད་ནི་སྔ་ན་མེད་པ་ཞིག་ཡིན་ཞིང་། ཟོལ་མེད་ཀྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ཀྱི་བྱ་བ་བཟང་བོར་སྒྲུབ་སྟེ། བསམ་བློ་དང་འགུལ་སྐྱོད་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བར་གཅིག་གྱུར་བཀོད་འདོམ་བྱེད་པ། བྱ་བ་སྣ་ཚོགས་དངོས་འབེབ་དམ་འཛིན་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་དགོས། དཀའ་ཁག་ལ་དཔྱད་འཇོག་གང་ལེགས་བྱེད་པ་དང་ཚད་མཐའ་དམ་སྲུང་བྱེད་པ་དེ་བྱ་བའི་གཞི་རྩའི་རྐང་འཛུགས་སར་བྱས་ནས། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་སྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པ། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་བསྐྱེད་པའི་བྱེད་ཐབས་རེ་འགའ་སྤྱད་དེ་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་དཀའ་ཁག་ཐག་གཅོད་བྱས་ཏེ་ཚོང་ར་གཙོ་བོར་སྔར་ལས་འཕེལ་རྒྱས་ཀྱི་བར་སྟོང་ཞིག་གསར་བསྐྲུན་བྱེད་དགོས་ཟེར།
ཧན་ཀྲིན་གྱིས་ཧྲན་ཞི་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲན་ཞི་རུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་ཤིང་། དུས་རབས་གསར་བའི་བྱ་བ་སྣ་ཚོགས་ཁྲོད་ཀྱི་སྣང་ཚུལ་གསར་བ་མངོན་པར་བྱས་ཏེ། ཧུར་ཐག་སྒོས་ཧྲན་ཞིའི་དུས་རབས་གསར་བར་སྔོན་ཐོན་བརྩོན་ལེན་བྱེད་པའི་ལེའུ་གསར་བ་འབྲི་དགོས་པའི་རེ་བ་བཏོན།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།