རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2020.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 57

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པསམི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས། ཨུ་ཡོན་བཅུ་གཉིས་ཀྱིས་ཚོགས་ཐོག་ནས་གཏམ་བཤད

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་ཚེས་ཉེར་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས། ཨུ་ཡོན་བཅུ་གཉིས་ཀྱིས་ཚོགས་ཐོག་ནས་གཏམ་བཤད

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་བཅས་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་ལ་ཉན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆེན་ལིས་དང་ལིའུ་ཆི་པོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཝན་ཀང་། ཧི་ཧོའུ་ཧྭ། ལུའུ་ཀྲན་གུང་། ཝང་ཀྲིན་ཝེ། མཱ་པེའོ། ཁྲིན་ཞོ་ཀོང་། ལེང་ཀྲིན་དབྱིན། དབྱང་ཁྲོན་ཐང་། ལིས་པིན། པ་ཐིར། ཝང་ཡུང་ཆེན། ཧི་ལིས་ཧྥུན། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧོང་། ཀའོ་ཡུན་ལོང་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་འདུ་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུའུ་ཧོས་ཀྱིས་འགོ་མཛིན་བྱས།

ཨུ་ཡོན་ཉི་མ་སྒྲོལ་མས་བཤད་རྒྱུར། 2019ལོའི་ལོ་མཇུག་ཏུ། བོད་ལྗོངས་ཀྱི་དབུལ་ཕོངས་མི་གྲངས་འབུམ་དྲུག་དང་ཁྲི་གཉིས་སྟོང་བརྒྱད་ཡོངས་རྫོགས་དབུལ་གྲོལ་བྱས་པ་དང་། དབུལ་ཕོངས་རྫོང་དོན་བཞི་ཡིས་དབུལ་བོའི་ཞྭ་མོ་ཕུད་དེ། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ལ་ཞུགས་པ་དང་། དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ས་མཚམས་བཅོས་སྐྱོང་དང་བོད་ཁུལ་གཏན་འཇགས་སུ་གཏོང་བའི་རྣམ་བཤད་གལ་ཆེན་བོད་ལྗོངས་ནས་ལག་བསྟར་བཟང་བོ་བྱས་པ་མཚོན་ཐུབ་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བླ་ན་མེད་པའི་དགེ་མཚན་མངོན་པར་བྱས་ཡོད། གངས་ལྗོངས་ཀྱི་བུ་དང་བུ་མོ་ཚོས་མུ་མཐུད་དུ་ངལ་རྩོལ་ལ་བརྟེན་ནས་ཕྱུག་བསྒྱུར་བྱེད་པའི་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ཁོངས་སྲུང་སྐྱོབ་བཟང་བོ་བྱེད་པ་དང་བདེ་སྐྱིད་ཀྱི་ཁྱིམ་གཞི་འཛུགས་སྐྲུན་བྱེད་དགོས་ཟེར།

ཨུ་ཡོན་ཧུའུ་ཡུས་ཀྱིས་ཁོས་ཉིན་བརྒྱ་རིང་གི་རིམས་འགོག་མྱོང་ཚོར་གླེང་ནས་བཤད་རྒྱར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་རིམས་འགོག་གི་རྒྱལ་ཁ་ལེན་པའི་རྩ་བའི་འགན་སྲུང་ཡིན་པ་དང་། གོས་དཀར་ལྷ་མོ་ནི་དུས་རབས་གསར་བའི་གཅེས་སུ་རུང་བའི་མི་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་གཅིག་གྱུར་བཀོད་འདོམས་འོག ང་ཚོས་མཐུན་སྒྲིལ་དམ་ཟབ་བྱས་པས། ཝུའུ་ཧན་འགོག་སྲུང་གཡུལ་འགྱེད་དང་ཧུའུ་པེ་འགན་སྲུང་གཡུལ་འགྱེད་ཀྱི་རྒྱལ་ཁ་བླངས་ཟེར།

ཨུ་ཡོན་ཀི་ཅུན་པོ་ཡིས་ཅིག་སན་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས་བཤད་རྒྱུར། ཚན་རྩལ་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་དང་སློབ་སྲོལ་འཛུགས་སྐྲུན་གྱི་ལས་འགན་ཧ་ཅང་ལྕི་བས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་ལ་ཁ་གཏད་པ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་རྗེས་སུ་དམ་པོར་འབྲངས་ནས། དཔྱད་རྩོམ་མེས་རྒྱལ་གྱི་ས་ཆའི་སྟེང་དང་རླབས་ཆེན་གྱི་འཐབ་རྩོད་ཁྲོད་འབྲི་དགོས། རྨང་གཞིའི་ཞིབ་འཇུག་ཁྱད་ཆོས་དང་མཐུན་པའི་འགན་སྲུང་དང་གདེང་འཇོག སྐུལ་སློང་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། དཀའ་སྤྱད་འབད་བརྩོན་དང་མཐོ་སར་འཛེག་པའི་སྣང་ཚུལ་གྲུབ་པར་བྱེད་དགོས་ཟེར།

ཨུ་ཡོན་དབྱང་ཝེ་མེན་གྱིས་བཤད་རྒྱུར། གློ་བུར་དུ་བྱུང་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་དབང་གིས་འགྱུར་ལྡོག་མང་པོ་བྱུང་ན་ཡང་། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་བོར་འཕེལ་རྒྱས་སུ་འགྲོ་བའི་གཞི་རྩའི་གནས་བབ་འགྱུར་མེད། ང་ཚོར་ཚོང་རའི་བར་སྟོང་ཆེན་པོ་དང་བཅོས་བསྒྱུར་སྒུལ་ཤུགས་ཆེན་པོ། སྲིད་ཇུས་ཀྱི་ཡོ་བྱད་མང་པོ། མངོན་གསལ་གྱི་ལམ་ལུགས་དགེ་མཚན་ཡོད་པས། ང་ཚོས་རང་རྒྱལ་གྱི་ལམ་ལུགས་དགེ་མཚན་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བ་དང་། དཔལ་འབྱོར་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་བཏང་སྟེ། ཀྲུང་གོའི་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་ཐུབ་པ་ཁོ་ཐག་ཡིན་ཟེར།

ཨུ་ཡོན་ཧོང་ལིས་ཀྱིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ནས་གཏམ་བཤད་སྐབས་བཤད་རྒྱུར། ཝུའུ་ཧན་གྱི་དམངས་གཉེར་ཁེ་ལས་ཞིག་ཡིན་པའི་ཆ་ནས། ང་ཚོ་རིམས་འགོག་འགུལ་སྐྱོད་ཁྲོད་དངོས་སུ་ཞུགས་མྱོང་ལ། ཏང་གི་ཡང་དག་པའི་འགོ་ཁྲིད་བརྟན་པོ་དང་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་གཅིག་སེམས། ཀྲུང་ཧྭ་མི་རིགས་རིགས་སྟོབས་ཤུགས་ཆེན་པོ་དངོས་སུ་མིག་མཐོང་ལག་ཟིན་བྱས་མྱོང་། མིག་སྔར་དམངས་གཉེར་ཁེ་ལས་དེ་དཀའ་ཁག་དང་གནོན་ཤུགས་སྔ་ན་མེད་པར་འཕྲད་ཡོད་པས། ལམ་ལུགས་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། སྐོར་ཞིབ་ལྟ་ཞིབ་ལ་ཤུགས་སྣོན་པ། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཁེ་ལས་ལ་ཕན་པའི་སྲིད་ཇུས་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱིས་གཏན་འཇགས་དྲུག་དང་འགན་སྲུང་དྲུག་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བཟང་བོ་བྱེད་རྒྱུའི་གྲོས་གཞི་བཏོན།

ཨུ་ཡོན་ལིས་ཞུའེ་མེ་ཡིས་བཤད་རྒྱུར། གཞི་རིམ་གྱི་ཁུར་བོ་ཇེ་མང་དུ་གཏོང་རྒྱུ་དེ་ཁྱིམ་ཚང་མང་པོ་དང་དམངས་སེམས་དང་འབྲེལ་ཡོད་པས། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་དགོས་མཁོ་དངོས་ལ་བསམ་གཞིགས་བཏང་སྟེ། སྲིད་གཞུང་གི་སྲིད་འཛིན་སྒྲིག་གཞི་བཅོས་བསྒྱུར་བྱེད་པ་དང་། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་དེ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་གྲུབ་འབྲས་ཁྲིད་ཕྱོགས་སུ་བྱེད་པའི་དཔྱད་ཞིབ་ཚད་གཞི་འཛུགས་པ་དང་། ཁོངས་གཏོགས་སྡེ་ཁག་དང་རིམ་པ་འོག་མའི་སྲིད་གཞུང་གི་ཁུར་བོ་ཇེ་ཡང་དུ་བཏང་བའི་ཕན་འབྲས་དང་མང་ཚོགས་ཡིད་ཚིམ་ཚད་དེ་གནད་འགག་གི་དམིགས་ཚད་དུ་བྱེད་དགོས། ཁུར་བོ་ཇེ་ཡང་དུ་གཏོང་བའི་གོ་རིམ་ཁྲོད་ཀྱི་ལྟ་སྐུལ་དོ་དམ་དང་གླེང་ཕྱོགས་ལྟ་སྐུལ་ལ་ཤུགས་སྣོན་དགོས་ཟེར།

ཨུ་ཡོན་ཆུའུ་ཧྥུན་ཧོང་གིས་ཞིང་བཟོ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས་བཤད་རྒྱུར། ཆུའི་ཐོན་ཁུངས་དཀོན་པ་དང་ཆུའི་ཐོན་ཁུངས་བཙོག་བཟོ། ཆུའི་སྐྱེ་ཁམས་ལ་གནོད་པ་ཐེབས་པ་བཅས་ཀྱི་གནད་དོན་ཆེན་པོ་གསུམ་ཉིན་རེ་བཞིན་འབུར་ཐོན་ཡིན་པས། ཆུའི་ཐོན་ཁུངས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་བྱེད་པ་དང་། ཆུ་གྲོན་ཆུང་གཙོར་འཛིན་པའི་གནད་འགག་འབུར་དུ་ཐོན་པར་བྱེད་པ། ཐོན་ལས་ཡོངས་དང་གོ་རིམ་ཧྲིལ་བོ། མི་ཚོགས་ཡོངས་ཀྱི་ངོས་ཕྱོགས་ནས་ཤུགས་འདོན་པ་བརྒྱུད་དེ། མི་གྲངས་དང་གྲོང་ཁྱེར། ཐོན་ལས་འཕེལ་རྒྱས་ལ་འཆར་འགོད་འོས་འཚམ་བྱེད་པ་དང་། འོས་མཐུན་མིན་པའི་ཆུ་བཀོལ་དགོས་མཁོ་ལ་བཀག་སྡོམ་ཚོད་འཛིན་བྱས་ནས། ལྗང་མདོག་ཐོན་སྐྱེད་འཚོ་བའི་རྣམ་པ་དང་འཛད་སྤྱོད་མ་དཔེ་གྲུབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཨུ་ཡོན་ཁྲིན་ཧྥུན་ཀྲིན་གྱིས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཧ་ཅང་ཚབས་ཆེ་བ་དང་། ཀྲུང་གོའི་རིམས་འགོག་ཉམས་མྱོང་ཧ་ཅང་རྩ་ཆེ་ལ། མཉམ་ལས་ནི་རིམས་ནད་ཀྱི་རྒྱལ་ཁ་ལེན་པའི་ལམ་བུ་གཅིག་པུ་ཡིན་ཟེར།

ཨུ་ཡོན་ཧི་པོ་ཞང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས་བཤད་རྒྱུར། མིག་སྔར་ཐའེ་ཝན་གྱི་གནས་བབ་ཛ་དྲག་ཡིན་ལ་རྙོག་འཛིང་ཆེ་བ་དང་། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ན། དགུ་གཉིས་ཐུན་མོང་གི་ལྟ་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། མཚོ་འགག་འགྲམ་གཉིས་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་ལག་བསྟར་བྱེད་པ། ལོ་རྒྱུས་འཕེལ་རྒྱས་ཀྱི་གནས་བབ་དང་བསྟུན་པ། མཚོ་འགག་འགྲམ་གཉིས་ཀྱི་མཉམ་བསྲེས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་སྟེ། ཧུར་ཐག་གིས་དམངས་སེམས་གཅིག་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཨུ་ཡོན་ཐུའུ་ཧེ་མེན་གྱིས་བཤད་རྒྱུར། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། རྒྱུན་འཁྱོངས་བྱེད་འོས་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ། བསྒྲུབ་འོས་པ་ངེས་པར་དུ་སེམས་ཞིབ་མོས་བྱ་བ་བཟང་བོར་བསྒྲུབ་པ། ཞང་ཀང་རང་བཙན་སྟོབས་ཤུགས་འཚོ་གནས་ཀྱི་ས་ཞིང་གཏན་ནས་མེད་པར་བཟོས་ཏེ། ཞང་ཀང་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཆེ་ས་ཆ་རུ་མི་འགྱུར་བར་བྱེད་དགོས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཛུགས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འགྲེལ་དབང་ཆ་དང་ལྟ་སྐུལ་དབང་ཆ་བཀོལ་སྤྱོད་གང་ལེགས་བྱས་ཏེ། གཞི་རྩའི་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་ཉེར་གསུམ་པའི་ཐད་ནས་སྣེ་ཁྲིད་གསལ་བོ་བྱས་པ་དང་ལག་བསྟར་ལ་སྐུལ་འདེད་བྱེད་རྒྱུའི་གྲོས་གཞི་བཏོན།

ཨུ་ཡོན་ཆི་ཅན་ཀའོ་ཡིས་བཤད་རྒྱུར། དུས་རབས་གསར་བའི་མི་དམངས་དམག་དཔུང་ནི་ཏང་གི་བཀའ་ལ་ཉན་པ་དང་རྒྱལ་ཁ་ལེན་ཐུབ་པ། མི་དམངས་ལ་ཞབས་འདེགས་ཞུ་བ། འཐབ་འཁྲུག་བྱེད་ཕོད་པའི་སྟོབས་ལྡན་དམག་དཔུང་ཞིག་ཡིན། དམག་དཔུང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་གཡུལ་འགྱེད་ཞུགས་པ་དེས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དགོངས་པ་ནི་མི་དམངས་དམག་དཔུང་གི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་བྱེད་ཐབས་དང་རྒྱལ་ཁ་ལེན་པའི་བྱེད་ཐབས་ཡིན་པ་ཡང་བསྐྱར་ར་སྤྲོད་བྱས། ང་ཚོས་ངེས་པར་དུ་མི་དམངས་ལ་འགན་ཁུར་བ་ནི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན་པ་དང་། ཏང་གི་བཀའ་ལ་ཉན་པ་ནི་མི་དམངས་དམག་དཔུང་གི་ནམ་ཡང་འགྱུར་བ་མེད་པའི་དམག་མིའི་བླ་སྲོག་ཡིན་པ་ཡིད་ལ་དམ་པོར་འཛིན་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།