ཝང་དབྱང་ཐེ་ཝན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2020.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཐེ་ཝན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚེས་ཉེར་བཞི་ཉིན་ཐེ་ཝན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐེ་ཝན་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་བདེ་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོ་གཅིག་གི་རྩ་དོན་ཐད་ཀྱི་དགུ་གཉིས་ཐུན་མོང་ལྟ་བ་མངོན་པར་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྣམ་པ་གང་རུང་གི་ཐེ་ཝན་རང་བཙན་གྱི་ཁ་གྱེས་བྱ་འགུལ་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཐེ་ཝན་ལ་ཕན་པ་དང་མང་ཚོགས་ལ་ཕན་པའི་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་པ་དང་། ཐེ་ཝན་གྱི་མ་དངུལ་བཏང་བའི་ཁེ་ལས་ཀྱིས་རིམས་ནད་ཀྱི་གནོད་པ་ཁྱད་སེལ་བྱེད་པ། ཐེ་ཝན་གྱི་ཁེ་ལས་དང་ཐེ་ཝན་གྱི་ཚོང་བ་རྨང་གཞི་འཛུགས་སྐྲུན་གསར་བའི་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱས་ནས། ཐེ་ཝན་གྱི་ན་གཞོན་ཚོས་ནང་ལོགས་ནས་སློབ་སྦྱོང་དང་ལས་སྐྲུན། ལས་ཞུགས་བྱེད་པ། འཚོ་བ་རོལ་བའི་ཐད་ཆ་རྐྱེན་སྔར་ལས་བཟང་བོ་བསྐྲུན་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།