ཧན་ཀྲིན་སོ་སོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཞང་ཀང་འཐུས་ཚབ་ཚོགས་པ་དང་ཨོ་མིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2020.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་སོ་སོར་ཞང་ཀང་འཐུས་ཚབ་ཚོགས་པ་དང་ཨོ་མིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་ཉེར་བཞི་ཉིན་སོ་སོར་ཞང་ཀང་འཐུས་ཚབ་ཚོགས་པ་དང་ཨོ་མིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཞང་ཀང་དང་ཨོ་མིན་གྱི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་རྗེས། ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་ངོས་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཛུགས་དོན་ནི་ཞང་ཀང་རང་བཙུན་དང་ནག་པོའི་དྲག་སྤྱོད་སོགས་ཀྱི་བྱ་བ་བསྒྲུབ་པའི་མི་ཉུང་ཤས་ཤིག་ལ་ཁ་གཏད་ཡིན། རྒྱལ་ཁབ་བདེ་འཇགས་ལ་གནོད་བྱེད་པའི་གྲངས་ཀ་ཉུང་བའི་ཁྲིམས་འགལ་ཉེས་བཟོ་ཡི་སྤྱོད་ཚུལ་ལ་ཁྲིམས་ལྟར་ཚོད་འཛིན་དང་བཀག་འགོག ཆད་གཅོད་ནན་མོ་བྱེད་པ་ནི། ཞང་ཀང་གི་སྡོད་དམངས་མང་ཆེ་ཤས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་སྔར་ལས་བཟང་བོ་བྱེད་པ་དང་། གཞི་རྩའི་དབང་ཆ་དང་རང་དབང་ལ་འགན་སྲུང་སྔར་ལས་བཟང་བོ་བྱེད་པ། ཞང་ཀང་གི་ཡུན་སྐྱོང་བདེ་འགོད་དང་དར་རྒྱས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་ཡིན། ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་གི་མིས་ཞང་ཀང་བཅོས་སྐྱོང་བྱེད་པ་དང་། ཨོ་མིན་གྱི་མིས་ཨོ་མིན་བཅོས་སྐྱོང་བྱེད་པ། ཚད་མཐོན་པོའི་རང་སྐྱོང་གི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་གྱི་ནང་དོན་མི་འགྱུར་བར་ཁག་ཐེག་བྱེད་དགོས་ཟེར། ཧན་ཀྲིན་གྱིས་ཞང་ཀང་དང་ཨོ་མིན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་འགོ་ཁྲིད་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་དབང་ཟིལ་སྲུང་སྐྱོབ་བྱས་ནས། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་ལས་དོན་ཐད་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།