ཝང་ཆི་ཧྲན་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2020.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཁོང་ཡོད་སའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཝང་ཆི་ཧྲན་གྱིས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུའི་འགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྱབ་པར་བྱས་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་བའི་འཐབ་ཇུས་འཆར་འགོད་དང་རྩ་བའི་རེ་བ་མངོན་པར་བྱས་ཡོད་ལ། དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་སོགས་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་བྱེ་བྲག་ཅན་དུ་བསྒྱུར་བ་དེ་ཡིན་པས། ང་ཧ་ཅང་འཐད་པ་ཡིན་ཟེར།

ཝང་ཆི་ཧྲན་གྱིས་ནན་གྱིས་བསྟན་དོན། དཀའ་སྡུག་ལས་གྲུབ་འབྲས་བསྐྲུན་ཐུབ་ལ། རླབས་ཆེན་བསྐྱར་དར་གྱི་འཐབ་ལམ་དེ་བདེ་མོ་ཞིག་ཡིན་མི་སྲིད་པས། གཏན་ཤུགས་རྒྱུན་འཁྱོངས་བྱེད་པ་དང་དཀའ་ངལ་གདོང་གིས་བསུ་བ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པར་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་གྲུ་གཟིངས་གཏན་འཇགས་ངང་ཡུན་རིང་བོར་བསྐྱོད་ཐུབ་པར་ཁག་ཐེག་བྱེ་དགོས། ཐེངས་འདིའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་དེ་ང་ཚོའི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་དུས་སྐབས་སུ་བྱུང་བ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བློ་བརྟན་ཞིང་ཤུགས་ལྡན་པ་དང་། མི་དམངས་གཙོར་འཛིན་པ་དང་ཚེ་སྲོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། དཀའ་སྤྱད་འབད་འཐབ་བྱས་པས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་གཡུལ་འགྱེད་ཐད་ནས་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས། དེས་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་ང་ཚོའི་ཆེས་ཆེ་བའི་ཆབ་སྲིད་དགེ་མཚན་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ནི་ང་ཚོ་འགྲན་རྩོད་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོ་ཡིན་པ་ཤེས་ཐུབ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་རྒྱུ་ནི། ང་ཚོ་ཏང་གིས་མི་དམངས་ལ་བཞག་པའི་དམ་བཅའ་ཡིན་པས། རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་སྙིང་སྟོབས་ཆེར་སྐྱེད་པ་དང་། འདུ་ཤེས་བཞི་བྱེ་བྲག་གི་འགུལ་སྐྱོད་ལག་བསྟར་བྱས་ནས། དུས་བཀག་ལྟར་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།