མཚོ་སྔོན་འཐུས་ཚབ་ཚོགས་པས་མཚོ་སྔོན་གྱིས་རྒྱལ་ཁབ་གཞི་གྲངས་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།
2020.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཀྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས། མཚོ་སྔོན་གྱིས་རྒྱལ་ཁབ་གཞི་གྲངས་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བཤད་རྒྱུར། མཚོ་སྔོན་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ནས་ས་ཁོངས་རྒྱ་ཆེ་བ་དང་གློག་ཤུགས་འདང་བ། གནམ་གཤིས་འཁྱག་པ། ཡུལ་བབ་དམིགས་བསལ་ཡིན་པ་སོགས་ཀྱི་རྗེས་བྱུང་བསྙེགས་བརྒལ་དགེ་མཚན་མང་པོ་ཡོད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། གཞི་གྲངས་ཆེན་པའི་ཐོན་ལས་དེ་ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་ཐོན་ལས་ཚུལ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པར་དམིགས་ནས། གཙོ་བོར་གཞི་གྲངས་ཆེན་པོའི་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། གཞི་གྲངས་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་མཉམ་འབྲེལ་དྲ་རྒྱ་དང་གཞི་གྲངས་ཆེན་པོའི་ཐོན་ལས་ཚུལ་བསྒྱུར་རིམ་སྤོར་ཕྱོགས་ཀྱི་དངུལ་གཏོང་ཚད་ཆེ་རུ་གཏོང་བ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་ངེས་ཅན་བླངས། ཉེ་དུས། མཚོ་སྔོན་ཞིང་ཆེན་ཡང་བསྐྱར་མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་གྲོས་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གྱི་འཆར་གཞི་ཕྱིར་བཏོན་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི1119གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཡར་སྐུལ་མ་ལག་འཛུགས་སྐྲུན་བྱེད་རྒྱུའི་རེ་བ་བཏོན་པ་དང་། གཙོ་བོ་གཅིག་དང་ཟུར་གཏོགས་གསུམ་གྱི་གཞི་གྲངས་དཔལ་འབྱོར་གྲུབ་ཚུལ་འཛུགས་སྐྲུན་ཧ་ལམ་ཡོངས་འགྲུབ་བྱས་ལ། བརྗོད་སྙིང་མངོན་གསལ་དང་གཙོ་གནད་འབུར་དུ་ཐོན་པ། ཁྱོངས་ཡོངས་སུ་ཁེབས་པའི་དོ་དམ་མ་ལག་གྲུབ་པར་བྱས། གཞི་གྲངས་སྲིད་གཞུང་འཛུགས་སྐྲུན་ཐད་ནས་གསར་གཏོད་བེད་སྤྱོད་མངོན་འགྱུར་བྱས་པ་དང་། སྲིད་གཞུང་ལས་སྒོ་དང་ཇུས་ཆོད་ལས་ཆོད་མཐོར་འདེགས་བཏང་། མགྱོགས་མྱུར་དང་སྤོ་སྒུལ། བདེ་འཇགས་ཀྱི་སྐབས་གསར་བའི་ཆ་འཕྲིན་རྨང་གཞི་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་བཏང་ལ། གཞི་གྲངས་ཐོན་ལས་སྔར་ལས་འཕེལ་རྒྱས་སུ་བཏང་བ་དང་། ཐོན་ལས་གཞི་གྲངས་ཅན་སྔར་ལས་ཇེ་ཟབ་ཏུ་བཏང་ཟེར།

འཐུས་ཚབ་ཚོགས་པས། རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་གཞི་གྲངས་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། མཚོ་སྔོན་གྱི་ས་ཁོངས་རྒྱ་ཆེ་བ་དང་གློག་ཤུགས་འདང་བ། གནམ་གཤིས་འཁྱག་པ། ཡུལ་བབ་དམིགས་བསལ་ཡིན་པ་སོགས་ཕྱོགས་ཀྱི་ཞིབ་སྡུར་དགེ་མཚན་བེད་སྤྱོད་པ། གཞི་གྲངས་དཔལ་འབྱོར་གྱི་འབྲེལ་ཡོད་ཐོན་ལས་འཛུགས་སྐྲུན་བྱེད་པ། གཞི་གྲངས་ཐོན་ལས་ཅན་དང་ཐོན་ལས་གཞི་གྲངས་ཅན་གྱི་རྒྱུད་རིམ་ཇེ་མགྱོགས་སུ་གཏོང་བ། མཚོ་སྔོན་གྱི་དཔལ་འབྱོར་ཚུལ་བསྒྱུར་རིམ་སྤོར་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིང་རྒྱུའི་གྲོས་གཞི་བཏོན།