རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་གྲོལ། 
2020.05.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 142

ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། འདི་ནི་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལེ་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་པའི་རྣམ་པ་རེད།

ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཝང་དབྱང་གིས་མཇུག་བསྡུའི་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་གཏམ་བཤད་སྤེལ། 


ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། གྲོས་ཚོགས་ནས་མི་དམངས་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་ཟབ་ཞུགས་ལས་ཁུངས་སོ་སོ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དག་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཤིང་། བྱ་བ་ནན་བསྒྲུབས་དང་འབད་བརྩོན་ཡར་སྐུལ་གྱིས་མི་དམངས་སྲིད་གྲོས་དེ་ཏང་གི་བྱ་བ་སྣ་ཚོགས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པའི་གཡུལ་ས་གཙོ་བོ་དང་། ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་རིགས་སོ་སོའི་མི་དམངས་དང་ལས་རིགས་སོ་སོའི་འཐུས་ཚབ་མི་སྣར་སློབ་གསོ་དང་སྣེ་ཁྲིད་བྱེད་པའི་སྟེགས་བུ་གལ་ཆེན། ཐུན་མོང་གི་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞིའི་སྟེང་འགལ་བ་ཞི་འཇགས་སུ་གཏོང་བ་དང་ཐུན་མོང་ལྟ་ཚུལ་གཅིག་འདྲིལ་བྱེད་པའི་ཐབས་ལམ་གལ་ཆེན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་མ་ལག་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་སྟེང་མཇུག་བསྡུའི་གྲོས་ཚོགས་དངོས་སུ་མགོ་བརྩམས། 

གྲོས་ཚོགས་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མགོ་འཛིན་མཛད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝང་ཀང་། ཧི་ཧིག་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ། མཱ་པེའོ། ཁྲིན་ཞའོ་ཀོང་། ལིང་ཀྲིན་དབྱིན། ཞཱ་པའོ་ལུང་། དབྱང་ཁྲོན་ཐང་། ལིས་པེན། པཱ་ཐུར། ཝང་ཡུང་ཆིང་། ཧི་ལི་ཧྥུན། སུའུ་ཧུའེ། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧོང་། ཀའོ་ཡུང་ལུང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད། 

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལེ་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད། 

ཝང་དབྱང་གིས་ཁྱབ་སྒྲོག་བྱས་དོན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་དགོས་པའི་ཨུ་ཡོན་སྟོང་གཉིས་དང་བརྒྱ་དང་ང་གཅིག་ཡོད་པ་དང་། དངོས་སུ་འབྱོར་བའི་ཨུ་ཡོན་སྟོང་གཉིས་དང་ཞེ་གསུམ་ཡོད་ལ། ཁྲིམས་བཀོད་མི་གྲངས་དང་མཐུན། 

གྲོས་ཚོགས་ནས་ལིས་པེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས་པ་དང་། གྲོས་ཚོགས་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་འདོན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་། ཨུ་ཡོན་ཚོས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་ཆོད་དོན་ལ་རྒྱབ་སྐྱོར་དང་གཅིག་གྱུར་གཟེངས་བསྟོད་བྱས། 

ཝང་དབྱང་གིས་གསུང་བཤད་གནང་སྐབས། ཐེངས་འདིའི་གྲོས་ཚོགས་ནི་རང་རྒྱལ་གྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་འཐབ་རྩོད་ལ་འཐབ་ཇུས་རྒྱལ་ཁ་ཆེན་པོ་བླངས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དེ་འཐབ་ཇུས་དུས་རིམ་དུ་སླེབས་པའི་དུས་སྐབས་གལ་ཆེན་དུ་བསྡུས་པ་ཡིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས་ཏེ། ཨུ་ཡོན་ཚོ་དང་མཉམ་དུ་རྒྱལ་ཁབ་ཀྱི་ལས་དོན་ལ་གྲོས་མོལ་མཛད། ཨུ་ཡོན་ཚང་མས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་རྒོལ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་དང་། རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་ལས་འགན་དངོས་འབེབ་བྱེད་པར་དམིགས་ཏེ། ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་དང་ཐུན་མོང་ལྟ་ཚུལ་རྒྱ་ཆེར་གཅིག་འདྲིལ་བྱས་ནས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ནུས་པ་གལ་ཆེན་མཚོན་པར་བྱས་ཡོད་ལ། དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། ཡར་ཐོན་བཅས་ཀྱི་ཚོགས་ཆེན་ཞིག་རེད་ཅེས་གསུངས། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོའི་རྣམ་པའི་དམངས་གཙོ་ལག་བསྟར་བྱེད་པར་ནུས་པ་བཏོན་ནས་བྱས་རྗེས་འཇོག་དགོས། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཁྱད་སྟོབས་བེད་སྤྱོད་བྱས་ཤིང་། ཕན་ནུས་ལྡན་པའི་སྒོ་ནས་ཏང་ཁག་སོ་སོ་དང་རིགས་སོ་སོ། ལས་རིགས་སོ་སོ་བཅས་ཀྱི་མི་སྣ་རྩ་འཛུགས་བྱས་ཏེ་བློ་འདོན་ཇུས་འབུལ་དང་ཐུན་མོང་ལྟ་ཚུལ་གཅིག་འདྲིལ་བྱེད་པ་དེ་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཏང་མང་ཕྱོགས་ཁག་གི་མཉམ་ལས་གཅིག་གྱུར་གང་ལེགས་བྱེད་པར་ཕན་ཐོགས་ཡོད་པ་དང་། དམངས་གཙོ་དར་སྤེལ་དང་ཡང་དག་པའི་སྒོ་ནས་གཅིག་བསྡུས་དང་གོ་རིམ་ལྡན་པའི་ཆབ་སྲིད་ཟབ་ཞུགས་གཅིག་གྱུར་བྱེད་པར་ཕན་ཐོགས་ཡོད་ལ། མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ་དང་བྱ་བའི་དངོས་འབེབ་ལ་སྐུལ་འདེད་གཏོང་བ་གཅིག་གྱུར་གང་ལེགས་བྱེད་པར་ཡང་ཕན་ཐོགས་ཡོད། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་བྱེད་ནུས་མཐོར་འདེགས་བྱས་ཤིང་། ཐུན་མོང་བསམ་བློའི་ཆབ་སྲིད་རྨང་གཞི་དང་ཐུན་མོང་དམིགས་འབེན་འཚོལ་སྙེགས། ཐུན་མོང་གི་གཞི་རྩའི་ཁེ་ཕན་གྱི་ཆབ་སྲིད་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་ཡར་སྐུལ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་ཐད་སྟོབས་ཤུགས་བཏོན་ནས་རོགས་འདེགས་བྱེད་དགོས་ཞེས་གསུངས། 

ཝང་དབྱང་གིས་མཇུག་མཐར་གསུང་དོན། ཨུ་ཡོན་རྣམ་པ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མགོ་རྩོམ་པའི་ཐབས་ལམ་གསར་བར་ཟབ་ཞུགས་དང་བདེན་དཔང་བྱེད་པ་ནི་མི་ཚེའི་ཐོབ་པར་དཀའ་བའི་གོ་སྐབས་ཤིག་ཡིན་པས། གོ་སྐབས་ལ་གཅེས་སྤྲས་དང་དུས་རབས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར། རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པ་དང་། དམངས་ཀྱི་ཆེད་དུ་ལས་འགན་ལག་བསྟར་བྱེད་དགོས། ང་ཚོ་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་། བློ་གཅིག་སེམས་གཅིག་གིས་རྒྱ་བསྐྱེད་ཡར་བརྩོན་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཡོངས་འགྲུབ་བྱེད་པ་དང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་གསུངས། 

མཇུག་བསྡུའི་གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་བློ་མཐུན་ལ་ད་རུང་ཏེན་ཞོས་ཞང་དང་། ཝང་ཁྲིན། ལིའུ་ཧི། ཞུའུ་ཆི་ལིང་། སུང་ཁྲོན་ལན། ལིས་ཞི། ལིས་ཆང་། ལིས་ཧོང་ཀྲུང་། དབྱང་ཅེ་ཁྲུ། དབྱང་ཞའོ་ཏུའུ། ཀྲང་ཡུག་ཞཱ། ཁྲིན་ཞི། ཁྲིན་ཆོན་གོ། ཁྲིན་མེན་ཨར། ཧུའུ་ཁྲོན་ཧྭ། གོ་ཧྲིན་ཁོན། ཧོང་ཁོན་མེན། ཚེ་ཆི། ཡུག་ཆོན་སོགས་ཡོད། 

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་མཇུག་བསྡུའི་གྲོས་ཚོགས་ལ་ཟུར་དུ་ཞུགས། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་སོགས་གདན་ཞུས་ལྟར་མཇུག་བསྡུའི་གྲོས་ཚོགས་ལ་ཞུགས། ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་མཇུག་སྒྲིལ་བ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།