ཨུ་ཡོན་ཝང་ཅན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།
2020.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཝང་ཅན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།

ཝང་ཅན་གྱིས་གྲོས་གཞིའི་ནང་བཤད་དོན། མཚོ་སྔོན་གྱི་སྨན་རྫས་ཐོན་ཁུངས་རྟེན་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་བོད་སྨན་རྫས་ཚད་ལྡན་ཅན་དང་ཚད་གཞི་ཅན། གཞི་ཁྱོན་ཅན་གྱི་འདེབས་འཛུགས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱས་ཏེ། ཀྲུང་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་ཐད་ལ་རྨང་གཞི་བརྟན་པོ་འདིང་དགོས། མཚོ་སྔོན་གྱིས་ས་གནས་སྨན་རྫས་ལས་སྣོན་ནུས་པ་མཐོར་འདེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་སྨན་རྫས་ཁེ་ལས་ཀྱིས་མཚོ་སྔོན་གྱི་ཀྲུང་བོད་སྨན་རྫས་ཐོན་ལས་ཐད་ལ་མ་དངུལ་གཏོང་བ་དང་ཡང་ན་མཚོ་སྔོན་གྱི་སྨན་རྫས་ཁེ་ལས་དང་མཉམ་ལས་བཟང་བོ་བྱེད་པར་སྐུལ་མ་གཏོང་དགོས་པར་མ་ཟད། ནུས་ལྡན་རང་བཞིན་གྱི་ཟས་རིགས་དང་བདེ་སྲུང་ཐོན་རྫས་གསར་སྤེལ་བྱས་ནས་ཕྱོགས་བསྡུས་བེད་སྤྱོད་མངོན་འགྱུར་བྱེད་དགོས་ཟེར།