ཝང་ཅན་ཅུན་དང་ལིའུ་ཉིང་གིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་ལས་དོན་མི་སྣ་ཡོངས་ལ་འཚམས་འདྲི་བྱས།
2020.05.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་། མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ལིའུ་ཉིང་གིས་རང་ཞིང་གི་འཐུས་ཚབ་ཚོགས་པའི་སྡོད་གནས་སུ། འཐུས་ཚབ་ཚོགས་པའི་ལས་དོན་མི་སྣ་ཡོངས་ལ་བྱམས་བརྩེའི་ངང་འཚམས་འདྲི་བྱས་ཏེ། ཚང་མར་གུས་འདུད་དང་ཐུགས་རྗེ་ཆེ་ཞུས།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ད་ལོ་ནི་དམིགས་བསལ་གྱི་ལོ་ཞིག་རེད། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་རྒྱུ་ཕྱིར་འགྱངས་བྱས་པ་དང་། ཚོགས་འདུ་ཚོགས་ཡུན་ཇེ་ཐུང་དུ་བཏང་ལ། ལས་དོན་མི་སྣ་ཇེ་ཉུང་དུ་བཏང་ན་ཡང་། བྱ་བའི་ལས་འགན་སྔར་བཞིན་ལྕི། འཐུས་མི་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་ཚོགས་འདུར་ཞུགས་པ་དང་། ལས་དོན་མི་སྣས་ཞིབ་ཚགས་དང་གཟབ་ནན་ངང་འགན་འཁུར་བ། ཚང་མས་ཐུན་མོང་གི་དམིགས་ཡུལ་སེམས་ལ་བཅངས་ནས་འབད་འབུངས་བྱས་པ་ནི་བརྗེད་པར་དཀའ་བ་ཞིག་ཡིན་ལ། ཕན་ཚུན་གཞོགས་འདེགས་དམ་ཟབ་བྱས་པས་ཕྱར་བ་གྲུ་འདེགས་ངང་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པའི་སྙིང་སྟོབས་མཚོན་པར་འབད་འབུངས་ཡར་བརྩོན་གང་ལེགས་བྱས། འཐུས་ཚབ་ཚོགས་པའི་བྱ་བའི་ལས་ཁུངས་སོ་སོའི་ཁོངས་མི་ཡོངས་ཀྱིས་སྤོབས་པ་ཆེན་པོས་ཚོགས་འདུར་ཞུགས་ཏེ། སྔོན་ལ་གྲ་སྒྲིག་བྱེད་པ་དང་སྔོན་ཇུས་བཟོ་བ། ལས་ཀ་ཞིབ་ཚགས་ཀྱིས་སྒྲུབ་པ། རང་འགན་ནན་སྒྲུབ་བཅས་བྱས། ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་དང་རོགས་ལས་དམ་ཟབ། ཚོགས་དོན་མཁོ་སྒྲུབ་ཚན་ཆུང་གིས་སེམས་ནུས་ཡོད་རྒུ་བཏོན་ནས་རྒྱབ་རྟེན་བཅོལ་ས་བྱས་པ་དང་། རྒྱུ་ཆ་བསྡུས་འཕྲིན་ཚན་ཆུང་གིས་དཀའ་ཚེགས་ལ་མ་འཛེམ་པར་ཆ་འཕྲིན་བཟང་པོ་བྲིས་པ། འཐུས་མིའི་གྲོས་གཞི་བྲེལ་གཏུག་ཚན་ཆུང་གིས་སྦྲེལ་ཐག་གི་ནུས་པ་བཏོན་ནས་འཐུས་མིའི་བསམ་འདུན་མཚོན་པ། གསར་འགྱུར་དྲིལ་བསྒྲགས་ཚན་ཆུང་གིས“ནུས་པ་བཞི”ལག་ལེན་དུ་བསྟར་ནས་མཚོ་སྔོན་གྱི་ཉམས་འགྱུར་མངོན་པར་བྱས་པ། བདེ་འཇགས་སྲུང་སྐྱོབ་ཚན་ཆུང་དང་རིམས་ནད་འགོག་སྡོམ་ཚན་ཆུང་གིས་ཞབས་ཞུ་ཞིབ་ཚགས་བྱས་ཏེ་ཚང་མའི་བདེ་ཐང་ལ་འགན་ལེན་བྱས་པར་བརྟེན། འཐུས་མིས་འགན་འཁྲི་ནན་ཏན་ངང་བསྒྲུབ་རྒྱུར་འགན་ལེན་བྱས་པ་དང་ཚོགས་ཆེན་གྲ་རྒྱས་པོ་དང་སྣ་མང་ཕུན་སུམ་ཚོགས་པ་ཡོང་བར་ལེགས་སྐྱེས་ཕུལ་ཡོད། ལས་གནས་སུ་ལོག་རྗེས་ཀྱང་སྔར་བཞིན་དམིགས་བསལ་གྱི་ཉམས་སད་ཐེག་པའི་ཉམས་མྱོང་དང་བྱེད་ཐབས་སྣ་མང་ཕྱོགས་བསྡོམས་ཡག་པོ་དང་རྒྱུན་འཛིན་ཡག་པོ། དར་སྤེལ་ཡག་པོ་བཅས་བྱས་ཏེ། མུ་མཐུད་རང་འགན་གཙང་སྒྲུབ་དང་ལས་དོན་ཡག་པོ་བསྒྲུབ་དགོས་ཟེར།

ལིའུ་ཉིང་གིས་བཤད་རྒྱུར།ད་ཐེངས་ཀྱི་ཚོགས་འདུ་བསྡུས་པ་ལེགས་འགྲུབ་བྱུང་བས།མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས། རང་འགན་གཙང་སྒྲུབ་ནན་ཏན་བྱས་པ་དང་བློ་འདོན་ཇུས་འབུལ་ཧུར་ཐག་བྱས་པ། ཚོགས་འདུའི་ལས་འགན་ཁག་གཟེངས་སུ་ཐོན་པའི་ངང་ཡོངས་འགྲུབ་བྱས་པ། རྒྱལ་ཁབ་དང་མི་དམངས་ལ་མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་དགའ་ཞེན་དང་རེ་སྒུག་བྱེད་ལུགས་མཚོན་པར་བྱས་ཡོད། དེ་ནི་འཐུས་ཚབ་ཚོགས་པའི་ལས་དོན་མི་སྣ་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་དང་ཁ་འབྲལ་ཐབས་རྩ་བ་ནས་མེད། ཚོགས་ཆེན་བསྡུས་པའི་རིང་ལ།ཚང་མས་བློ་སེམས་རྩེ་གཅིག་གིས་ནུས་ཤུགས་འདོན་པ་དང་ལག་གདང་མཉམ་སྦྲེལ་གྱིས་མདུན་དུ་སྐྱོད་པ། གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་ཁག་སྤེལ་བ་བཅས་བྱས། ཞབས་ཞུའི་འགན་སྲུང་ལས་ཀ་ཕན་ནུས་ཆེན་པོས་ལེགས་པར་བསྒྲུབས་པ་དང་དུས་མཚུངས་སུ་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས། ཉམས་མྱོང་གསར་པ་གསོག་འཇོག་བྱས་ནས་སྤྱོད་ཚུལ་བཟང་པོ་མངོན་པར་བྱས་ཡོད་པར་བརྟེན།སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་སྡོམ་དང་གསར་གཏོད། དར་སྤེལ་བཅས་ཡག་པོ་བྱ་རྒྱུའི་རེ་བ་ཡོད་པར་མ་ཟད། ཕྱིན་ཆད་ཀྱང་བསགས་པའི་ཉམས་མྱོང་དེ་དག་ལས་དོན་ཁག་གི་ལག་ལེན་ཁྲོད་བེད་སྤྱོད་བྱས་ཏེ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་དང་ལེགས་སྐྱེས་གསར་པ་འབུལ་ཅི་ཐུབ་བྱེད་དགོས་ཟེར།

ཀྲང་ཀོང་རུང་དང་ཐིན་ཅཱ་ཚའེ་ཡིས་འཚམས་འདྲི་བྱེད་རོགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།