ཟླ་དྲུག་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་བརྙན་རིས་ཀྱི་ལམ་ནས་རྒྱ་སྐྱེད་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས།དེ་བཞིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས།ལག་བསྟར་དོན་འཁྱོལ་བྱ་བར་བཀོད་སྒྲིག་བྱས།ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།ཧྲིན་ཀྲང་ལིའུ་ཉིང་གིས་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། ད་ཐེངས་ཀྱི་དམིགས་བསལ་རྒྱབ་ལྗོངས་འོག་ཚོགས་པའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་དར་ཆ་མཐོན་པོར་སྒྲེང་བ་དང་ཐུན་མོང་གི་ངོས་འཛིན་གོང་བུར་འགྲིལ་བ། ཧྲག་བསྡུས་གྲོན་ཆུང་དང་དངོས་གཉེར་ཕན་ཆེའི་སྟེང་དུ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་བཅས་ཀྱི་ཐད་དོན་སྙིང་གལ་འགངས་ཆེ་ཞིང་གཏིང་ཟབ་ལྡན་ཡོད།ས་གནས་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། “འདུ་ཤེས་བཞི” དང“གདེང་ཚོད་བཞི་”སྔས་ལས་ཇེ་བརྟན་དུ་གཏོང་བ་དང་།“སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་བསྒྲུབ་དགོས། ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས།སློབ་སྦྱོང་གི་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། དགོངས་གཞི་ཁོང་དུ་ཟབ་མོར་ཆུད་པར་བྱེད་པ། མི་དམངས་བླ་ན་མཐོ་བའི་བརྩེ་སེམས་ཟབ་མོ་མཐའ་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ཇུས་ངེས་ཤུགས་ལ་སྐུལ་འདེད་གཏོང་དགོས། རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་པའི་འགན་འཁྲི་འཁུར་ཕོད་པརབྱས་ཏེ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་བའི་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱོད་དགོས། 《སྲིད་གཞུང་བྱ་བའི་སྙན་ཞུའི》དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྲིད་ཇུས་ཀྱི་ཁ་ཕྱོགས་དང་དམིགས་འབེན་དང་ལས་འགན། དུས་བབ་ཀྱི་བརྡར་ཤ་གཅོད་པ། འཕེལ་རྒྱས་ཀྱི་གོ་སྐབས་བཅས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ་དང་། ལས་འགན་ཁག་ལ་སྐུལ་འདེད་ཏན་ཏིག་དང་ནུས་ལྡན་གཏོང་དགོས། སྐབས་དང་བསྟུན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། བློ་མཐུན་ཁྲིན་ཞི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས། སྤྱོད་ལམ་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་པ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱས་ཏེ་སྤྱོད་ཚུལ་བཟང་པོར་བརྟེན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་རྒྱག་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་རྒྱལ་ཁབ་ཆེན་པོར་གདེང་ཚོད་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང《སྲིད་གཞུང་བྱ་བའི་ སྙན་ཞུའི》ནང་གཏན་འབེབས་བྱས་པའི་དམིགས་འབེན་དང་ལས་འགན་ཕྱོགས་ཡོངས་ནས་ཞིབ་བསྡུར་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་འགན་ལེན་དང་ཁེ་ལས་བརྟན་པོ་ཡོང་བ་དང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་བྱེད་རྒྱུ། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། རྒྱུན་སྲིང་ལྷོད་མེད་ངང་ལྗང་མདོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། སེམས་ནུས་ཡོད་རྒུ་བཏོན་ནས་དམངས་ཚིས་བདེ་སྐྱིདཆེ་རུ་གཏོང་བ་དང་།རྒྱུན་སྲོལ་ལས་བརྒལ་བའི་ལས་ཀ་བྱེད་ཤུགས་དང་བྱེད་ཐབས་ལ་བརྟེན་ནས།རིམས་ནད་འགོར་འགྱངས་ཀྱི་དུས་ཚོད་དམ་འཛིན་བྱས་ཏེ་རིམས་ནད་ཀྱིས་བཟོས་པའི་གྱོང་གུན་ཁ་གསབ་བྱེད་དགོས་ཟེར།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཡན་ཅིན་ཧེ་དང་ཝང་ལིས་མེན།དབྱང་ཧྥུན་ཁྲུན། ཝང་ཀྲིན་ཧྲིན། ཀྲང་ལིས། ལིའུ་ཐའོ། དབྱང་ཀྲི་ཝུན། ཀྲང་ཧོང་ཡོན་བཅས་ཚོགས་འདུར་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟུར་ཞུགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།