ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཡོད་སའི་ལས་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས།
2020.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

བསྟུད་མར་ཉིན་འགའི་རིང་ལ།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཡོད་སའི་ལས་ཁུངས་ཀྱིས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་། ཆེད་དོན་སློབ་སྦྱོང་ཚོགས་འདུ། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད་ནས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱས་པ་དང་། ཚང་མས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྔོན་ལ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ། གོང་གིས་འོག་ལ་སྣེ་ཁྲིད་དང་དོན་འཁྱོལ་དམ་འཛིན། བསམ་བློ་དང་བྱ་སྤྱོད་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ནས་ལོ་འགོར་ཞིང་ཆེན་གྱི་ཚོགས་འདུ་གཉིས་ཀྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། བྱ་བའི་སྙན་ཞུ་སོ་སོའི་ནང་གཏན་འཁེལ་བྱས་པའི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་པར་སྣེ་ཁྲིད་བྱས།

ཚང་མས་ད་ཐེངས་ཀྱི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་རང་རྒྱལ་གྱི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་བསྡུས་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པ་དང་།  སྙིང་སྟོབས་ཆེར་སྐྱེད་དང་དྲང་ནུས་བརྒྱུད་སྤེལ་བྱེད་པའི་ཚོགས་ཆེན་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ལངས་ཏེ། མི་དམངས་དཀྱིལ་སྙིང་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། “བརྟན་འཇགས་དྲུག”དང་“འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ། སྤྱི་པའི་འཕྲོད་བསྟེན་འགོག་སྲུང་དྲ་བ་དམ་ཚགས་བཟོ་བ་སོགས་ཀྱི་ཐད་ལ་བླང་བྱ་ཁ་གསལ་བཏོན་ནས་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བྱ་བར་གཅིག་གྱུར་འཆར་འགོད་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པར་འདོད།

ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་བསྡུའི་ལོ་ཡིན་ལ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་སྣོལ་འདྲེས་ཀྱི་ལོ་ཞིག་ཀྱང་རེད། བློ་མཐུན་ཁྲིན་ཞི་ཡི་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཁྲོད་ཀྱི་གསུང་བཤད་ཀྱི་བླང་བྱ་ལྟར། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། དཀའ་སྤྱད་སྙིང་རུས་ཀྱིས་བྱ་བ་བསྒྲུབ་པ། སྤྱོད་ཚུལ་བཟང་པོར་བརྟེན་ནས་དོན་འཁྱོལ་དམ་འཛིན་བཅས་བྱ་དགོས། ཚོགས་ཆེན་སྟེང་གྲོས་འཆམ་བྱུང་བའི་སྲིད་གཞུང་བྱ་བའི་སྐོར་གྱི་སྙན་ཞུ་དང་སྙན་ཞུ་གཞན་དག་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱེད་པ། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཆོད་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་བཅས་བྱས་ཏེ། རང་ཞིང་གི་བྱ་བ་སྣ་ཚོགས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ལ། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོ་རུ་གཏོང་བ་དང་། “འདུ་ཤེས་བཞི་”ཇེ་བརྟན་དུ་གཏོང་བ་དང་། “ཡིད་རྟོན་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བསྒྲུབ་ཐུབ་པ་བཅས་བྱ་དགོས་པ་དང་། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱ་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ“བརྟན་འཇགས་དྲུག”གི་བྱ་བར་སྐུལ་འདེད་གཏོང་དགོས། “འགན་སྲུང་དྲུག་”གི་ལས་འགན་དོན་འཁྱོལ་དང་། དཀྱིལ་སྙིང་ལ་དམིགས་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། རྣམ་པ་གསར་གཏོད་དང་བྱེད་ཐབས་ཤུགས་ཆེར་གཏོང་བ་དང་། དམིགས་འབེན་དང་ལས་འགན་ཁག་དང་བྱ་བའི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་དང་“དཔེ་སྟོན་ཞིང་ཆེན་ལྔ་”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཤ་བོ་གསེར་མཚོས་སྒྱུར།