སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཐེངས་ཞེ་གཅིག་དང་ཀྲུའུ་རིན་གྲོས་ཚོགས་ཐེངས་ང་བཞི་བ་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀའོ་ཧྭ། ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན་དང་ལིའུ་ཐུང་ཏི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲང་ཀོང་རོང་གིས་འགོ་མཛིན་བྱས།

ཚོགས་ཐོག་ནས་རིམ་པ་བཞིན་གྲོས་ཞིབ་བྱེད་པར་སྤྲད་པའི་མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་དོ་དམ་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ང་བཞིའི་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་གཞི་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འོས་འགན་སློབ་གསོ་སྲོལ་ཡིག་དང་རང་སྐྱོང་སྲོལ་ཡིག བོད་སྐད་ཡིག་བྱ་བའི་སྲོལ་ཡིག ཟི་ལིང་གྲོང་ཁྱེང་གཞིས་ཀའི་དོ་དམ་སྲོལ་ཡིག ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྲོང་གསེབ་དོ་དམ་སྲོལ་ཡིག ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྲོང་གསེབ་ཀྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག་མེད་པར་བཟོ་བའི་གཏན་ཁེལ། མཚོ་སྔོན་ཞིང་ཆེན་གྱི2020ལོའི་ལོ་སྟོད་ཀྱི་འཆར་གཞི་དང་སྔོན་རྩིས་ལག་བསྟར་གནས་ཚུལ། 2019ལོའི་ནོར་སྲིད་ངེས་རྩིས་རྩིས་བཤེར་དང2018ལོའི་རྩིས་བཤེར་ཁྲོད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་གནས་ཚུལ་བཅས་སྙན་ཞུ་གྲོས་གཞི་ལྔའི་སྐོར་གྱི་གྲོས་དོན། མཚོ་སྔོན་ཞིང་ཆེན་ཐོན་ཁུངས་དཔྱ་ཁྲལ་ཁྲལ་ཚད་དང་གཟིགས་སྐྱོང་སྲིད་ཇུས་སྐོར་གྱི་ལག་བསྟར་ཇུས་གཞི། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞིང་ལས་འཕྲུལ་ཆས་ཅན་གྱི་ཡར་སྐུལ་བཅའ་ཁྲིམས་ལ་ཞིབ་བཤེར་བྱེད་པ་སོགས་སྐོར་གྱི་བྱ་བའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་མ་ཟད། ཀྲུའུ་རིན་གྲོས་ཚོགས་ཀྱིས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་གྲོས་དོན་ཁྲོད་འཇོག་རྒྱུར་འཐད་པ་བྱུང་།

ཀྲུའུ་རིན་གྲོས་ཚོགས་སྟེང་ད་དུང་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་གྲོས་གཞི་གྲོས་དོན་དང་གྲོས་ཚོགས་བསྡུ་བའི་དུས་ཚོད།   མི་དོན་བསྐོ་འཐེན་གྲོས་གཞིའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན།

    ལོ་ཙྰ་བ།    རིན་ཆེན་མཚོ།