ཁོང་ཡུང་གིས་ལས་བགོས་འགན་གཉེར་འབྲེལ་གཏུག་སྡེ་ཁག་གི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།
2020.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བརྒྱད་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་འགོ་འཛིན་བྱས་ཏེ་ལས་བགོས་འགན་གཉེར་འབྲེལ་གཏུག་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་རྒྱསའཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པར་མ་ཟད། སྡེ་ཁག་གི་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཉན་པ་དང་། སྡེ་ཁག་གི་ལས་རིགས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་གི་དངོས་སྒྲུབ་བྱ་ཐབས་ལ་ཐུན་མོང་ཐོག་ཇུས་འགོད་དང་མཐོར་འདེགས་སུ་བཏང་།

ཁོང་ཡུང་གིས་བླང་བྱ་བཏོན་དོན། ལས་བགོས་འགན་གཉེར་འབྲེལ་གཏུག་སྡེ་ཁག་གིས་ཚང་འཛོམས་གྲོས་ཚོགས་དང་ཏང་ཙུའུ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་སུ་བརྩིས་ནས་དམ་འཛིན་གང་ལེགས་བྱེད་པ་དང་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཧྲུའུ་ཅི་ཝང་ཅན་ཅུན་གྱིས“དོན་འཁྱོལ་བཞིའི”བླང་བྱ་གལ་ཆེན་དང་ཧྲིན་ཀྲང་ཚབ་མ་ཞིན་ཁྲང་ཞིན་གྱིས་བཏོན་པའི“ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པ་དྲུག”མཛུབ་སྟོན་དུ་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། དམིགས་འབེན་དང་ལས་འགན་ལ་རྩེ་གཅིག་ཏུ་དམིགས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལག་བསྟར་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་དགོས། སྔོན་ཐོན་ཉམས་མྱོང་ཕྱོགས་སྡོམ་དང་བསྡུ་ལེན་བྱས་ནས་ལམ་ལུགས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་བཏང་ནས། ལམ་ལུགས་འཛུགས་སྐྱོང་ལ་བརྟེན་ནས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ལས་རིགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་དང་འགན་ལེན་ལམ་ལུགས་དོན་འཁྱོལ་ནུས་ལྡན་བྱེད་པ། སྡེ་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིབ་ཕྲའི་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། ལས་དོན་དེ་ཞིབ་ཕྲའི་བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་པ་བྱེད་དགོས། དེང་གི་སྐབས་སུ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཤུགས་ཆེན་བྱེད་པ་དང་། གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་ལ་དམ་འཛིན་ཤུགས་ཆེན་བྱེད་པ། དམངས་འཚོ་འགན་ལེན་ལ་དམ་འཛིན་ཤུགས་ཆེན་བྱེད་པ། སྒྱུར་བཅོས་དམ་འཛིན་ཤུགས་ཆེན་བྱེད་པ། ཉེན་ཁ་སྣ་ཚོགས་སྔོན་འགོག་ལ་དམ་འཛིན་ཤུགས་ཆེན་བྱེད་པ། ལས་གཞི་གལ་ཆེན་ཇུས་འགོད་ལ་དམ་འཛིན་ཤུགས་ཆེན་བྱེད་པ། སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་བདུན་ཐད་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱེད་པ་བཅས་བྱས་ཏེ། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།