བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་མྱུར་དུ་བྱ་སྤྱོད་བསླངས་ཤིང་རྩ་འཛུགས་ཞིབ་མོ་བྱས་པ་དང་། རྣམ་པ་མི་འདྲ་བའི་སྒོ་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པར་མ་ཟད། བྱ་བའི་དོན་དངོས་དང་སྦྲེལ་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱེད་རྒྱུ་བཀོད་སྒྲིག་བྱས་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ལྡན་མཉམ་ཤུགས་གཅིག་སྡུད་བྱས།
ལས་ཁུངས་སོ་སོས་གཅིག་གྱུར་སྒོས་བལྟས་ན། ཉེ་སྔོན་གྲོལ་བའི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ནི་ཞིང་ཆེན་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་མཇུག་བསྡུ་བ་འགན་སྲུང་བྱེད་པ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་སྟེང་ས་གནས་བཅོས་སྐྱོང་ལམ་ལུགས་གསར་སྐྲུན་དང་བཅོས་སྐྱོང་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོར་བཞག་པ་ནི་ཏང་ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། སྤུས་ལེགས་གཅིག་དང་སྔོན་འགྲོ་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ། དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་པ། རིགས་བཞིའི་དཔལ་འབྱོར་རྣམ་པའི་སྣེ་ཁྲིད་ནུས་པ་ཇེ་ཆེར་བཏང་ནས། སྔར་ལས་སྟོབས་ལྡན་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཛེས་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་དགོས་གལ་རེ་བ་ཡིན་པར་སྙམ།
ལས་ཁུངས་སོ་སོས་གཅིག་གྱུར་སྒོས་བལྟས་ན། ད་ལོར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་འགོག་སྲུང་གནས་བབ་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འགྲོ་བཞིན་ཡོད་པ་དང་། དཔལ་འབྱོར་འཁོར་རྒྱུག་གནས་བབ་ཕལ་ཆེར་རྒྱུན་ལྡན་ཡིན་ལ། སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ཡིན་པ་དང་མི་དམངས་མང་ཚོགས་ཀྱིས་ཐོན་སྐྱེད་དང་འཚོ་བར་འབད་འཐབ་བྱེད་པའི་རྒྱུ་རྐྱེན་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པར་འདོད།
ལས་ཁུངས་སོ་སོས་གཅིག་གྱུར་སྒོས་བལྟས་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་སྟེང་གཏན་འཁེལ་བྱས་པའི་ཐབས་ཇུས་དང་བཀོད་སྒྲིག་དང་གཅིག་གྱུར་བྱེད་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་འགན་འཁྲིའི་བསམ་པ་དང་དགོས་གལ་བསམ་པར་ངོས་འཛིན་གསལ་བོ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་དམིགས་འབེན་དང་ལས་འགན། རེ་བ་ལྟར་ལས་འགན་གཙོ་བོ་དང་བྱེད་ཐབས་འགན་སྲུང་བྱེད་པར་དམིགས་ནས། དུས་ཚོད་ཀྱི་རེའུ་མིག་དང་ལམ་ཐིག་གཏན་འཁེལ་གསལ་བོ་བྱེད་པ་དང་། ཏན་ཏན་ཏིག་ཏིག་སྒོས་བྱ་བ་བསྒྲུབ་པ་དང་འབད་འཐབ་སྒོས་མདུན་དུ་སྐྱོད་ནས། བྱ་བ་སྣ་ཚོགས་དངོས་འབེབས་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པར་འདོད།
ལོ་ཙཱ་བ། བཀྲ་ཤིས་འབུམ།