ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་མཚོ་སྔོན་ཚོགས་འདུ་ལྟེ་གནས་དང་མཚོ་སྔོན་མགྲོན་ཁང་། ཧྲིན་ལིས་མགྲོན་ཁང་། པའེ་ཝེ་མགྲོན་ཁང་སོགས་ལ་སོང་ནས་སྐབས་བཅུ་གསུམ་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་བའི་གྲ་སྒྲིག་བྱ་བ་སྣ་ཚོགས་ལ་ཞིབ་བཤེར་བྱས།
ཀྲང་ཀོང་རོང་སོགས་ཀྱིས་སྔ་གཞུག་ཏུ་ཚོགས་ར་གཙོ་བོའི་སྒྲ་སྐྱེད་དང་གློག་འདོན། སྒྲོན་འོད། བརྡས་ཐག་གཅོད་པའི་འཕྲལ་ཆས་སོགས་སྒྲིག་ཆས་དང་ཚོགས་རའི་མཐའ་འཁོར་གྱི་མེ་གསོད་དང་བདེ་འཇགས་སྲུང་སྐྱོབ་སྒྲིག་ཆས། བཟའ་བཏུང་སྡོད་ཁང་བཀོད་སྒྲིག་སོགས་མཁོ་སྒྲུབ་འགན་སྲུང་གནས་ཚུལ་ཐད་ནས་ཞིབ་བཤེར་ཞིབ་མོ་བྱས་རྗེས། ཚོགས་ཆེན་གྱི་གྲ་སྒྲིག་ཚན་ཆུང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན།
ཀྲང་ཀོང་རོང་གིས་བསྟན་དོན། སྐབས་བཅུ་གསུམ་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་བ་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་དང་། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་བྱ་འགུལ་གལ་ཆེན་ཞིག་ཡིན་ཟེར། ཁོས་བསྟན་དོན། གྲ་སྒྲིག་ཚན་ཆུང་སོ་སོས་བསམ་བློ་གཅིག་གྱུར་དང་ངོས་ཟིན་ཇེ་མཐོར་བཏང་སྟེ། ཆབ་སྲིད་གླེང་བའི་མཐོ་ཚད་ནས་ལྟ་སྟངས་ནན་མོ་འཛིན་དགོས། རང་འགན་བཟང་བོར་བསྒྲུབ་པ་དང་། དུས་སྔོན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ཀྱི་རྨང་གཞིའི་སྟེང་ཚད་གཞི་ལ་དམིགས་པ་དང་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་དགོས། བྱ་བའི་རྒྱུད་རིམ་དང་འབྲེལ་ཡོད་རེ་བ་ལྟར། ཞིབ་ཕྲར་དོ་སྣང་བྱེད་པ་དང་། བྱ་བའི་རྒྱུད་རིམ་དང་འབྲེལ་ཡོད་རེ་བ་ལྟར། ཞིབ་ཕྲའི་སྟེང་ཤུགས་བཏོན་ནས། བྱ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་དགོས། མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། གོམ་སྟབས་གཅིག་གྱུར་བྱེད་པ། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་གཅིག་གྱུར་མཐུན་སྦྱོར་འོག་བྱ་བ་སྣ་ཚོགས་སྤེལ་ནས། སྦྲེལ་མཐུད་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས། སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་། རྩ་དོན་རྒྱུན་འཁྱོངས་བྱེད་པ། རེ་བ་ནན་མོ་འདོན་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩིས་ནས། ཚོགས་ཆེན་གྱི་སྤྱོད་གཙང་སྲོལ་བཟང་དང་བདེ་བླག་ངང་བསྡུ་བར་ཁག་ཐེག་བྱེད་དགོས་ཟེར།
ལོ་ཙཱ་བ། རིན་ཆེན་མཚོ།