མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་ཧོང་ཀྲུང་ཆུའུ་རུ་སྒྲོག་འགྲེལ་བྱེད་པར་སོང་།
2020.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 69

ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གཙོ་གཞོན་པ་ལིས་ཀུང་པེན་ཧོང་ཀྲུང་ཆུའུ་རུ་སོང་ནས་སྒྲོག་འགྲེལ་བྱས་པ་དང་། ཆུའུ་དེའི་ཏང་ཡོན་ལས་བྱེད་པ་བརྒྱ་ལྷག་གིས་སྒྲོག་འགྲེལ་སྙན་ཞུ་ལ་ཉན།

ལིས་ཀུང་པེན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལ་དམ་དུ་དམིགས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་གྱིས་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ས་གནས་བཅོས་སྐྱོང་ལམ་ལུགས་མ་ལག་འཛུགས་པ། བཅོས་སྐྱོང་ནུས་པ་ཁྱོན་ཡོངས་མཐོར་འདེགས་བཏང་སྟེ་དམིགས་འབེན་ལས་འགན་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱེད་པ་བཅས་ཕྱོགས་གསུམ་ཐད་ནས་ཚོགས་ཞུགས་མི་སྣར་ཆེད་དོན་ཟུར་ཁྲིད་ཐེངས་གཅིག་བྱས། འཆད་ཁྲིད་ཀྱི་གཙོ་གནད་དུ་འབུར་དུ་ཐོན་པ་དང་གཏན་ཚིགས་དམ་པ། ནང་དོན་ཕུན་སུམ་ཚོགས་ལ། དོན་ཟབ་ཅིང་གོ་སླ་བའི་སྒོ་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་གྲོས་གཞི་ལ་གསལ་བཤད་བཟང་བོ་དང་འགྲེལ་ཀློག་གསལ་བོ་བྱས་ནས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།

ཚོགས་ཞུགས་མི་སྣས་སྒྲོག་འགྲེལ་ལ་ཉན་རྗེས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བ་ཧོང་ཀྲུང་ཆུའུ་ནས་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས་པ་དང་། ཆུའུ་གོང་འོག་ཡོངས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ། གྲོང་ཁྱེར་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ། ཆུའུ་ཏང་ཨུའི་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། སེམས་ཞིབ་མོས་འཆར་འགོད་བཀོད་སྒྲིག་བྱེད་པ། ཆུའུ་ཡོངས་ཀྱི་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་སོ་སོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཅིག་བསྡུས་སྒོས་སློབ་སྦྱོང་བྱེད་པ་དང་མི་སྒེར་གྱི་རང་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཡིག་ཆ་ཞིབ་འདོན་དང་ཆེད་དོན་ཞིབ་སྡུར་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་ལག་བསྟར་བྱེད་པར་སྣེ་ཁྲིད་བྱེད་པ། རིག་སྟོབས་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་བྱ་བའི་བཀོད་སྒྲིག་སྟེང་ལག་བསྟར་བྱས་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།