ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་བསྡུས།
གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རེ་བརྒྱད་ཡོད་པ་དང་། མི་རེ་དྲུག་གྲོས་ཚོགས་ལ་ཞུགས་ལ། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།
ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཀྲང་ཀོང་རོང་དང་ཝང་ཡུས་ཡན། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་བརྒྱད་ཡོད་དེ།
གཅིག ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འདེམ་བསྐོ་བྱུང་བ།
གཉིས། གྲོས་ཚོགས་ཀྱི་ཉིན་རིམ་གཏན་ཁེལ་བྱེད་པ།
གསུམ། གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འདེམ་བསྐོ་བྱུང་བ།
བཞི། གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པའི་འོས་མི་གཏན་ཁེལ་བྱེད་པ།
ལྔ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བས་བརྡས་ཐག་གཅོད་པའི་གྲོས་གཞི་བྱེད་ཐབས་ལ་གྲོས་འཆམ་འབྱུང་བ།
དྲུག མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་འདེམ་བསྐོ་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།
བདུན། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གསབ་འདེམ་བྱེད་པའི་འདེམ་སྒུག་མི་སྣའི་གནས་ཚུལ་ངོ་སྤྲོད་བྱེད་པ།
བརྒྱད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞི་ཚོགས་པའི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གསབ་འདེམ་བྱེད་པའི་འདེམ་སྒུག་མི་སྣའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།
ཚོགས་ཐོག་ནས་རིམ་པ་བཞིན་བརྡས་ཐག་གཅོད་པ་དང་གཏན་ཁེལ་བྱས་ནས་གོང་གི་གྲོས་རིམ་དག་ལ་གྲོས་འཆམ་བྱུང་།
ལོ་ཙཱ་བ། རིན་ཆེན་མཚོ།