ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བས་གྲ་སྒྲིག་གྲོས་ཚོགས་བསྡུས།
གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གྱ་དགུ་ཡིན་ལ། འཐུས་མི་སུམ་བརྒྱ་དང་དོན་གཉིས་དངོས་སུ་གྲོས་ཚོགས་ལ་ཞུགས་པ་དང་། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་དང་ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུ་སྟེང་བསྡད་ཡོད་པ་དང་། ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས།
གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་གསུམ་ཡོད་དེ།
གཅིག གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་འདེམ་བསྐོ་བྱུང་བ།
གཉིས། གྲོས་ཚོགས་ཀྱི་གྲོས་རིམ་འཆར་ཟིན་ལ་བརྡས་ཐག་གཅོད་པ།
གསུམ། འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་མིང་ཐོ་དྲིལ་སྒྲོག་བྱེད་པ་བཅས་ཡིན།
ཚོགས་ཐོག་ནས་རིམ་པ་བཞིན་གོང་གི་གྲོས་རིམ་ལ་གྲོས་འཆམ་བྱུང་།
ལོ་ཙཱ་བ། རིན་ཆེན་མཚོ།