ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་སོགས་ཀྱིས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་འཐུས་མི་ལ་འཚམས་འདྲི་བྱས།
2020.08.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཧྲིན་ཀྲང་ཚབ་མ་ཞིན་ཁྲང་ཞིང་། ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཀོང་རོང་དང་། ཝང་ཡུས་ཡན་བཅས་ཀྱིས་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་བའི་ཚོགས་ཞུགས་འཐུས་མི་རྣམས་ལ་འཚམས་འདྲི་བྱས་ཤིང་། འཐུས་མི་རྣམས་ཀྱིས་ཏང་ཀྲུང་དབྱང་གི་རེ་བ་ལག་ལེན་མཐིལ་ཕྱིན་བྱས་ཏེ། ཆབ་སྲིད་ལ་སྤྲོ་སྣང་གིས་ཁེངས་ཤིང་འགན་འཁུར་གྱི་བསམ་པ་དྲག་པོ་ལྡན་པ་དང་། རྣམ་འགྱུར་ལེགས་པོ་བཅངས་ནས། ལས་ཀའི་འགན་ནུས་གཟབ་ནན་གྱིས་ཁུར་དུ་བླངས་ཏེ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་ཚོགས་ཆེན་གྱི་བྱ་གཞག་བདེ་བླག་ངང་ཡོངས་འགྲུབ་བྱ་རྒྱུའི་རེ་བ་བཏོན།

ལོ་ཙཱ་བ། སྐལ་བཟང་རྣམ་རྒྱལ།