མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་ཐེངས་བདུན་པའི་གནས་ཚུལ་ཁྱོན་ཡོངས་ནས་ཡར་ཞུ་བྱས།
2020.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་དང་པོ་དང་གཉིས་པ། གསུམ་པ། བཞི་བ། ལྔ་བ་བཅས་ཀྱིས་སོ་སོར་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་ཐེངས་བདུན་པའི་ས་ཁུལ་བཅོ་ལྔ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ལ་སྐོར་ཞིབ་གནས་ཚུལ་ཁྱོན་ཡོངས་ནས་ཡར་ཞུ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཐིན་ཅ་ཚའེ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཡུས་ཡན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་བཅས་སོ་སོར་ཡར་ཞུ་ཚོགས་འདུར་ཞུགས།

ཐེངས་འདིའི་སྐོར་ཞིབ་ཀྱིས་ཀྲུང་དབྱང་སྐོར་ཞིབ་བྱ་བའི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་རེ་བ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཆབ་སྲིད་ཀྱི་སྐོར་ཞིབ་གནས་ཐིག་གཏན་ཁེལ་རྒྱུན་འཁྱོངས་བྱས་ལ། ཆབ་སྲིད་ཀྱི་ལྟ་སྐུལ་ཇེ་དྲག་ཏུ་བཏང་བ་དང་། སྐོར་ཞིབ་དང་ལེན་བྱས་པའི་ཏང་རྩ་འཛུགས་ཀྱི་འགན་ནུས་དང་འགན་འཁྲི་དང་སྲུང་སྐྱོབ་གཉིས་ཀྱི་འགུལ་སྐྱོད་དངོས་ལ་ལྟ་སྐུལ་བྱེད་པར་དམ་དུ་དམིགས་ནས། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གནས་ཚུལ་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་གནས་ཚུལ་དོན་འཁྱོལ་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་དང་ཞིབ་རྩིས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་སློབ་གསོའི་ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ་ལག་བསྟར་བྱེད་པ་བཅས་བྱས།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་ཚན་གཙོ་ཡིས་སྐོར་ཞིབ་དང་ལེན་བྱས་པའི་ཏང་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་གཙོ་བོ་དང་འགོ་ཁྲིད་ཚན་ཁག་ལ་སྐོར་ཞིབ་གནས་ཚུལ་ཡར་ཞུ་བྱས། ཁོས་བསྟན་དོན། སྐོར་ཞིབ་དང་ལེན་བྱས་པའི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྦྱོང་སྦྱོང་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན། ཏང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྔར་ལས་ཤུགས་བསྣན་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟུར་གནོན་རང་བཞིན་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་དགོས། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ་དང་། གཏན་འཇགས་དྲུག་གི་བྱ་བ་བརྟན་བརླིང་ངང་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་ལག་བསྟར་བྱེད་པ་སོགས་ཀྱི་བྱ་བའི་ཁྲོད། གྲུབ་འབྲས་གསར་བ་བླངས་པ་དང་། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་འོས། དེ་དང་མཉམ་དུ། གནད་དོན་ཡང་མི་ཉུང་བ་ཡོད་དེ། སྐོར་ཞིབ་དང་ལེན་བྱས་པའི་ཏང་རྩ་འཛུགས་ཁ་ཤས་ཀྱི་ཆབ་སྲིད་ལངས་གནས་མི་བརྟན་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་ཚད་མི་འདང་བ། ཁ་ཤས་ཀྱིས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་ཤུགས་མི་འདང་བ་དང་། གཙོ་གཞི་འགན་འཁྲི་ཕྲག་ཏུ་མི་ལེན་པ་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་པ་མི་འདང་བ། ཁ་ཤས་ཀྱིས་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱེད་པའི་ཐད་ནས་བར་ཁྱད་ཡོད་པ་དང་། ཏང་གི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་ཤུགས་མི་འདང་བ། གཞི་རིམ་ལས་ཁུངས་ཁ་ཤས་དང་ཁེ་ལས་ཁ་ཤས་ཀྱི་ཏང་འཛུགས་བྱ་བ་ཉམས་ཞན་དུ་འགྲོ་བའི་གནད་དོན་ད་དུང་ཡོད་པ། ཁ་ཤས་ཀྱིས་སྐོར་ཞིབ་དང་རྩིས་བཤེར་ཐད་ནས་རྙེད་པའི་གནད་དོན་དང་བརྗོད་དོན་སློབ་གསོའི་ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་ཚད་མི་འདང་བ་སོགས་ཀྱི་གནད་དོན་ཡོད། སྐོར་ཞིབ་ཁྲོད་ད་དུང་འགོ་ཁྲོད་ལས་བྱེད་པ་ཁ་ཤས་ཀྱི་གནས་ཚུལ་ཐད་ཀྱི་གནད་དོན་ཁུངས་སྣེ་འབྱོར་བ་དང་། འབྲེལ་ཡོད་གཏན་ཁེལ་ལྟར་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་ཐག་གཅོད་པར་བརྒྱུད་སྤྲོད་བྱས་ཟེར།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དང་ཚན་གཙོ་གཞོན་པ། ཁོངས་མི་བཅས་ཀྱིས་སོ་སོར་འགོ་མཛིན་བྱས་ནས་སྐོར་ཞིབ་དང་ལེན་བྱས་པའི་ཏང་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་གཙོ་བོར་ཡར་ཞུ་བྱེད་པའི་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་ཐེངས་བདུན་པའི་ཕྱོགས་བསྡུས་གནས་ཚུལ་གྱི་སྙན་ཞུ་དང་གནད་དོན་གྱི་ཁུངས་སྣེ་གནས་ཚུལ་ལ་ཉན་སྐབས་གནང་བའི་གཏམ་བཤད་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། སྐོར་ཞིབ་དང་ལེན་བྱས་པའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་ལ་ཡར་ཞུ་བྱེད་པའི་ཚོགས་འདུ་ལ་ཞུགས་ནས། སྐོར་ཞིབ་ཀྱི་དག་ཐེར་ལེགས་བཅོས་ཐད་ནས་རེ་བ་གསལ་བོ་བཏོན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྐོར་ཞིབ་དང་ལེན་བྱས་པའི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྐོར་ཞིབ་ཀྱི་དག་ཐེར་ལེགས་བཅོས་དེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་ཞིབ་དཔྱད་ཚད་གཞི་དང་འགུལ་སྐྱོད་གཙོ་བོ་རུ་བརྩིས་ནས། ཆབ་སྲིད་ཀྱི་ཁག་ཀུར་ཇེ་དྲག་ཏུ་གཏོང་བ་དང་། སྐོར་ཞིབ་ཀྱི་དག་ཐེར་ལེགས་བཅོས་གཏིང་ཟབ་ཏུ་སྤེལ་བ། མཚོ་སྔོན་ཞིང་ཆེན་གྱི་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གིས་སྐོར་ཞིབ་ཀྱི་དག་ཐེར་ལེགས་བཅོས་ཀྱི་ཉིན་རྒྱུན་ལྟ་སྐུལ་དང་རྫུན་བཟོ་ལེགས་བཅོས་ཀྱི་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཞོ། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རྒྱལ་ཁོངས་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཝང་ལིས་མེ་སོགས་སྐོར་ཞིབ་དང་ལེན་བྱས་པའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་གཙོ་བོས་བསྟན་དོན། དག་ཐེར་ལེགསབ་ཅོས་ཀྱི་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སྐོར་ཞིབ་ཀྱི་དག་ཐེར་ལེགས་བཅོས་དེ་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ལས་འགན་དང་བྱེད་ཐབས་གལ་ཆེན་དུ་བརྩི་བ། སྐོར་ཞིབ་ཐད་ཀྱི་ཡར་ཞུ་བསམ་འཆར་ལ་བསམ་གཞིགས་གཏིང་ཟབ་གཏོང་བ་དང་ཁྱོན་ཡོངས་ནས་དབྱེ་ཞིབ་བྱེད་པ། ཞིབ་འཇུག་གཏིང་ཟབ་བྱེད་པ། ཆབ་སྲིད་སྟེང་གནད་དོན་ལ་བལྟ་བ་དང་བསམ་བློའི་སྟེང་བར་ཁྱད་འཚོལ་བ། བྱ་བའི་ཁྲོད་ཞན་ཆར་ཁ་གསབ་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྣམ་འགྱུར་བརྟན་པོ་དང་འགུལ་སྐྱོད་དངོས། སྒྲིག་ལམ་དམ་པོ། སྤྱོད་ཚུལ་དངོས་ལ་བརྟེན་ནས་སྐོར་ཞིབ་ཀྱི་དག་ཐེར་ལེགས་བཅོས་ལ་དམ་འཛིན་བྱེད་དགོས་པའི་ཚུལ་བསྟན།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་ཚན་གཙོ་གཞོན་པ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མངག་གཏོང་ལྟ་ཞིབ་ཚན་ཆུང་གི་འགན་ཁུར་མི་སྣ་བཅས་ཚོགས་འདུ་ལ་ཞུགས།

ལོ་ཙཱ་བ། རིན་ཆེན་མཚོ།