རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པས་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས།
2020.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། ས་རྒྱུ་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་སྐྱོང་ཞིབ་བཤེར་སྙན་ཞུ་ལ་གྲོས་ཞིབ་བྱས་པར་མ་ཟད་ཆེད་དོན་དྲི་བ་བཏོན། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དྲུག་དང་ཚོགས་ཞུགས་བློ་མཐུན་གྱིས་ས་རྒྱུ་བཙོག་བཟོ་འགོག་བཅོས་གྱི་དམིགས་འབེན་འགན་འཁྲི་ལམ་ལུགས་ཇི་ལྟར་དངོས་འབེབས་བྱེད་པ་དང་། ཅི་ལྟར་ཞིང་སའི་ཁོར་ཡུག་དང་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ། ས་རྒྱུ་སླར་གསོ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཇི་ལྟར་ཤུགས་སྣོན་པ་སོགས་ལ་དམིགས་ནས་དྲི་བ་བཏོན།

རྒྱལ་སྲིད་ཨུ་ཡོན་ཝང་ཡུང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥིན། ཚན་རིག་ལག་རྩལ་པུའུ་དང་ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ། ཞིང་ལས་ཞིང་སྡེ་པུའུ་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོས་དྲི་བར་ལན་བཏབ།

ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་སྐབས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་ཁྲིད་འོག རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ལོ་རྒྱུས་རང་བཞིན་དང་ཁ་ཕྱོགས་སྐོར་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། གནམ་སྔར་ལས་སྔོ་ཞིང་ཆུ་སྔར་ལས་དྭངས་བ་དང་རི་སྔར་ལས་ལྗང་བ་རིམ་བཞིན་མངོན་འགྱུར་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱེད་པའི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱས་ཏེ། སྔ་གཞུག་ཏུ་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་གང་མང་གཏན་འཁེལ་དང་བཟོ་བཅོས་བྱས་ཤིང་། ཆེད་དོན་གྲོས་ཆོད་གཏན་འཁེལ་བྱས་པ་དང་། བསྟུད་མར་རླུང་ཁམས་ཆེན་པོའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་དང་ཆུའི་བཙོག་བཟོ་འགོག་བཅོ་བཅའ་ཁྲིམས། ས་རྒྱུ་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་སོགས་ཁྲིམས་སྐྱོང་ཞིབ་བཤེར་བྱས་པར་མ་ཟད། བྱ་བའི་སྙན་ཞུ་གང་མང་ལ་ཉན་པ་དང་གྲོས་ཞིབ་བྱས་པ་དང་། རྒྱུན་མཐུད་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་། བཙོག་བཟོ་འགོག་བཅོས་བྱ་བ་ནི་མཁྲེགས་གཏོར་འཐབ་ཇུས་དང་ཡུན་རིང་འཐབ་ཇུས་ཤིག་ཡིན་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཁྲིམས་ལྟར་བཙོག་བཟོ་འགོག་བཅོས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་བཏང་ནས་གྲུབ་འབྲས་མི་དམན་པ་ལེན་དགོས་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།