ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་བཞི་བས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ཚོགས་ཁང་ཆེན་མོ་ནས་གྲ་སྒྲིག་གྲོས་ཚོགས་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པར་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་གོ་གཅིག་ཡོད་པ་དང་། གྲ་སྒྲིག་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་སུམ་བརྒྱ་ང་བདུན་ཡོད་པས། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲུན་ཡུན། ཝུའུ་ཧེ་ཁུན། ལིག་ཐུང་ཏི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་དྲུང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།
གྲོས་ཚོགས་ལ་མཱ་ཝེ་ཡིས་མགོ་འཛིན་བྱས། གྲོས་ཚོགས་ལ་གྲོས་རིམ་གསུམ་ཡོད་དེ། གཅིག ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་འདེམས་བསྐོ་བྱེད་པ། གཉིས། གྲོས་ཚོགས་ཀྱི་གྲོས་རིམ་འཆར་ཟིན་ལ་བརྡས་ཐག་གཅོད་པ། གསུམ། འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པའི་མིང་ཐོ་ཁྱབ་སྒྲོག་བྱེད་པ་བཅས་རེད།
གྲོས་ཚོགས་སྟེང་རིམ་པ་བཞིན་གོང་གི་གྲོས་རིམ་གསུམ་ལ་གྲོས་འཆམ་བྱུང་།