ཝང་ཅན་ཅུན་དང་ལིག་ཉིང་སོགས་ཀྱིས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཞུགས་པར་ཡོང་བའི་འཐུས་མི་ལ་འཚམས་འདྲི་བྱས།
2020.01.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་སོགས་ཞིང་ཆེན་གྱི་འགོ་ཁྲིད་འཐུས་ཚབ་ཚོགས་པ་སོ་སོར་སོང་ནས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པར་ཡོང་པའི་འཐུས་མི་རྣམས་ལ་འཚམས་འདྲི་བྱས།

འཐུས་ཚབ་ཚོགས་པ་རེ་རེར་ཐོན་དུས། ཝང་ཅན་ཅུན་དང་ལིག་ཉིང་། ཀྲང་ཀོང་རོང་སོགས་ཀྱིས་འཐུས་མི་ཚོ་དང་ལག་འཇུ་བྱས་ནས། འཚམས་འདྲི་བྱས་པ་དང་། ཚང་མས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་ནས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་དང་གཏན་འཇགས་སྲུང་སྐྱོབ། འཆམ་མཐུན་འཛུགས་སྐྲུན་བྱས་ཏེ། གྲུབ་འབྲས་བཟང་བོ་བླངས་པ་དང་། དེ་ནི་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན། ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བའི་ལོ་ཡིན་པས། ད་ལོའི་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ། ཚང་མས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། བཅོས་བསྒྱུར་དང་འཕེལ་རྒྱས། གཏན་འཇགས་ཐད་ཤུགས་འདོན་དགོས་ཟེར།

ཝང་ཅན་ཅུན་དང་ལིག་ཉིང་། ཀྲང་ཀོང་རོང་བཅས་ཀྱིས་བཤད་རྒྱུར། ལོ་གཅིག་ལ་ཐེངས་གཅིག་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པའི་བྱ་བ་སྣ་ཚོགས་ཀྱི་སྙན་ཞུ་ནི། ཞིང་ཆེན་ཡོངས་ཀྱི་བྱ་བའི་ཐད་ཀྱི་དབྱེ་ཞིབ་ཡིན་ལ། ཚང་མའི་བློ་གྲོས་ཀྱི་སྙིང་པོ་ཡང་ཡིན། འཐུས་མི་ཚོས་ཆབ་སྲིད་གླེང་བ་དང་སྤྱི་ཡོངས་ལ་དོ་སྣང་བྱེད་པ། འཐུས་མིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བློ་རིག་དང་འཇོན་ཐང་འདོན་སྤེལ་བྱེད་པ། སྙན་ཞུ་གྲོས་ཞིབ་དང་གྲོས་སྡུར། བཟོ་བཅོས་བཟང་བོ་བྱས་ཏེ། སྙན་ཞུ་དེ་ཞིང་ཆེན་ཡོངས་གཅིག་ཏུ་བསྡུས་ནས་རྒྱུན་མཐུད་ངང་འབད་འཐབ་བྱེད་པའི་རྩ་གནད་རང་བཞིན་གྱི་ཡིག་ཆ་རུ་འགྱུར་བར་བྱེད་པ་དང་། མཚོ་སྔོན་གསར་བ་གཏན་འཇགས་དང་ཡུན་རིང་བོར་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱེད་དགོས་ཟེར།

འཐུས་མི་ཚོས་མཐའ་གཅིག་ཏུ། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། བློ་འདོན་ཇུས་འབུལ་བྱེད་པ། ཚོགས་ཆེན་གྱི་སྒྲིག་ལམ་བརྩི་སྲུང་བྱེད་པ། ཚོགས་ཆེན་གྱི་བཀོད་སྒྲིག་དང་ལེན་བྱས་ནས། ཚོགས་ཆེན་གྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པའི་ཐད་བྱས་རྗེས་འཇོག་པ་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་ཚུལ་བསྟན།

ཡུས་ཚོང་ལི་དང་མཱ་ཝེ། ཀའོ་ཧྭ། ཝུའུ་ཧའེ་ཁུན་བཅས་ཀྱིས་མཉམ་དུ་འཚམས་འདྲི་བྱས།