གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ལས་སྒོ་བསྐྱར་གསོའི་འབོད་སྐུལ་དང་ལེན་དང་མགོ་ལོག་ཁུལ་གྱི་ལས་ཁུངས་སོ་སོའི་ལས་སྒོ་བསྐྱར་གསོ་ལ་འགྲིམ་འགྲུལ་གྱི་མཐུན་རྐྱེན་སྐྲུན་ཆེད། མགོ་ལོག་གནམ་གྲུ་འབབ་ཐང་ཡན་ལག་ཀུང་ཟིས་རིམས་འགོག་བྱ་བ་ལེགས་པོར་སྒྲུབ་པའི་རྨང་གཞིའི་སྟེང་། ཏུང་ཧྥང་མཁའ་འགྲུལ་ཀུང་ཟིར་མཐུན་སྦྱོར་བྱས་པ་བརྒྱུད། ཟླ2པའི་ཚེས23ཉིན་ནས་བཟུང་གནམ་གྲུ་གཏོང་བའི་བྱ་བ་རིམ་པ་བཞིན་བསྐྱར་གསོ་བྱ་རྒྱུ་རེད།
གནམ་གྲུ་གཏོང་མགོ་རྩོམ་པའི་གཟའ་འཁོར་ཐོག་མ་ནི་ཚེས23ནས་ཚེས29ཡི་བར་ཡིན་ལ། ཚེས24དང་ཚེས28གཉིས་ཕུད་པའི་ལྷག་མའི་ཉིན་སོ་སོར་གནམ་གྲུ་གཏོང་རྒྱུ་རེད། གཟའ་འཁོར་གཉིས་པ་ནས་བཟུང་།(ཟླ3པའི་ཚེས1)སྔར་ཡོད་ཀྱི་འཆར་གཞི་ལྟར་གནམ་གྲུ་གཏོང་རྒྱུ་ཡིན་ཞིང་། གཟའ་རེའི་གཟའ་མིག་དམར་དང་ལྷག་པ། ཕུར་བུ། སྤེན་པ། ཉི་མ་བཅས་ལ་གནམ་གྲུ་ཐེངས་གཉིས་ལ་གཏོང་རྒྱུ་དང་གཟའ་ཟླ་བ་དང་པ་སངས་གཉིས་ལ་གནམ་གྲུ་ཐེངས་གཅིག་རེ་གཏོང་རྒྱུ་རེད།
དེ་སྔོན། རིམས་འགོག་གི་བྱ་ལེགས་པོར་བསྒྲུབ་ཆེད་དང་མཁའ་འགྲུལ་གྱི་འགན་སྲུང་བྱ་བ་བསྐྱར་གསོ་བྱ་ཆེད། མགོ་ལོག་ཁུལ་གནམ་གྲུ་འབབ་ཐང་ཡན་ལག་ཀུང་ཟིས“མི་སྣ་ནང་དུ་ཡོང་བ་ནན་འགོག་དང་ལས་མིའི་འགོག་སྲུང་གི་བྱ་བ་དམ་འཛིན། ཐོན་སྐྱེད་འགན་སྲུང་གྱི་བྱ་བ་དམ་སྲུང་། ཡུལ་དངོས་བཀོད་སྒྲིག་གི་བྱ་བ་ནན་མོ”བཅས་ཀྱི་བྱ་བའི་རྩ་དོན་ནན་ཀྱིས་བཟུང་སྟེ། གྲ་སྒྲིག་ནན་ཏན་དང་བཀོད་སྒྲིག་ཞིབ་ཚགས་སྒོས་སྟོབས་ཤུགས་ཡོད་རྒུས་ལས་སྒོ་བསྐྱར་གསོ་བྱེད་པར་འབད་པ་བྱས།