ཟི་ལིང་ལྷོ་རིའི་ནུབ་ལམ་གྱི་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས་པ།
2020.02.24 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 54

     གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་རླངས་འཁོར་ས་ཚིགས་ཚད་ཡོད་འགན་ལེན་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྟེ།  རྒྱ་ཆེའི་འགྲུལ་པའི་འགྲོ་འོང་གི་དགོས་མཁོ་བསྐང་ཕྱིར། ཟི་ལིང་ལྷོ་རིའི་ནུབ་ལམ་འགྲུལ་སྐྱེལ་ས་ཚིགས་ཀྱི་འགྲུལ་སྐྱེལ་རླངས་འཁོར་དེ་རིང་ནས་བཟུང་ཤར་གཏོང་བྱ་རྒྱུ་རེད།

  ཟླ2པའི་ཚེས24ཉིན། འགྲུལ་སྐྱེལ་རླངས་འཁོར་ལམ་ཐིག་གསུམ་སླར་གསོ་བྱ་རྒྱུ་ཡིན་ཞིང་། སོ་སོར་ཟི་ལིང་ནས་རྟ་བོ། ཟི་ལིང་ནས་འབའ་རྫོང་། ཟི་ལིང་ནས་ཁྲི་ཀ་བཅས་རེད།  

  ཟླ2པའི་ཚེས25ཉིན། ཟི་ལིང་ནས་དར་ལག ཟི་ལིང་ནས་མང་རྫོང་། ཟི་ལིང་ནས་མགོ་མང་བཅས་ལ་འགྲུལ་སྐྱེལ་རླངས་འཁོར་གཏང་རྒྱུ་རེད།

  ས་ཁུལ་གཞན་དག་གི་འགྲུལ་སྐྱེལ་རླངས་འཁོར་ནམ་གཏོང་བའི་ཐད་ཀྱི་གནས་ཚུལ་ལ་བློ་འདྲི་བྱ་ཡུལ། འབྲེལ་གཏུགས་ཁ་པར་ཨང་གྲངས། 0971-6244804 0971-6242241 0971-6333028

གསལ་བརྡ།

  རླངས་འཁོར་ས་ཚིགས་ནང་འགྲོ་སྐབས་ཐོབ་ཐང་ལག་ཁྱེར་འཛིན་པ་དང་། ཁ་ཐུམ་བརྒྱབ་ནས་དེ་རུ་ཐོ་འགོད་བྱ་དགོས། ཞིང་ཆེན་གཞན་གྱི་ཐོབ་ཐང་ལག་ཁྱེར་བཟུང་ཡོད་པའི་འགྲུལ་པས་སྡོད་ཁུལ་དང་ལས་ཁུངས་མཚོ་སྔོན་ནས་ཡུན་རིང་བསྡད་པ་དང་། ཕྱི་ལ་མ་སོང་བའི་བདེན་དཔང་ཡི་གེ་སྤྲད་དགོས་ལ། ཞིང་ཆེན་གཞན་ནས་མཚོ་སྔོན་དུ་འོང་བའི་འགྲུལ་པས་བཀར་འཇུག་ལྟ་ཞིབ་དཔང་ཡིག་བཟུང་སྟེ་རླངས་འཁོར་པཱ་སེ་མངགས་ཉོ་བྱ་དགོས།