གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། རིམས་ནད་བྱུང་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བསྒྲགས་པའི་རིམས་ནད་ལ་ནུས་ཤུགས་ཡོད་རྒུས་འགོག་རྒོལ་དང་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་བྱ་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བརྡར་གཅོད་བྱས་ཤིང་། རང་འགུལ་ངང་འགན་འཁྲི་དང་ལེན་གྱིས་རིམས་ནད་འགོག་སྲུང་དང་ཐོན་སྐྱེད་གཉེར་སྐྱོང་ཕྱོགས་གཉིས་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཐད་རྒྱལ་ཁ་ཐོབ་པར་འགན་ལེན་བྱས།
གསར་འགོད་པས་རང་ཞིང་གི་རྫས་འགྱུར་བཟོ་ལས་དང་བཙོ་སྦྱང་ཁེ་ལས་སོགས་ཀྱི་ཐོན་སྐྱེད་ཡུལ་དངོས་སུ། རང་ཞིང་གིས་རིམས་ནད་འགོག་སྲུང་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་བྱས་ཡོད་པ་མཐོང་། ཟླ2པའི་ཚེས20ཉིན་བར། ཞིང་ཆེན་ཡོངས་ཀྱི་ཚད་གཞིའི་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་བྱེད་ཚད་ཀྱིས48.5%ཟིན་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་བསྐྱར་གསོ་བྱེད་བཞིན་ཡོད།