རྒྱ་ཆེ་བའི་རྒྱུགས་སྤྲོད་པ་རྣམས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་ལུས་པོའི་བདེ་ཐང་ལ་འགན་སྲུང་དང་སྤྱི་ཚོགས་ཀྱི་སྒྲིག་རིམ་བརྟན་སྲུང་། རང་ཞིང་གི2020ལོའི་ལོ་སྟོད་ཀྱི་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་ལ་མིང་ཐོ་འགོད་པའི་བྱ་བ་བདེ་བླག་ངང་སྤེལ་བ་བཅས་ལ་ཁག་ཐེག་བྱ་ཆེད། ཉེ་ལམ་ཀྲུང་དབྱང་དང་སློབ་གསོ་པུའུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མི་དམངས་སྲིད་གཞུང་བཅས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྲུང་བྱེད་པར་བཏོན་པའི་བྱ་བའི་བླང་བྱ་གཞིར་བཟུང་ནས། མིང་འགོད་རྒྱུགས་སྤྲོད་དང་དེ་འབྲེལ་གྱི་བྱ་བའི་བཀོད་སྒྲིག་གི་བརྡ་སྦྱོར་སྤེལ་བ་གཤམ་གསལ་ལྟར།
གཅིག མིང་འགོད་རྒྱུགས་སྤྲོད་ཀྱི་བྱ་བའི་བཀོད་སྒྲིག
(གཅིག)མིང་ཐོ་འགོད་པའི་དུས་ཚོད།
ཟླ3པའི་ཚེས1ཉིན་གྱི་སྔ་དྲོའི་དུས་ཚོད9:00ནས་ཟླ3པའི་ཚེས10ཉིན་གྱི་ཉིན་གུང་གི་དུས་ཚོད12:00བར་ཡིན། ཚེས10ཉིན་གྱི་ཉིན་གུང་གི་དུས་ཚོད12:00སྟེང་དྲ་ཐོག་ཐོ་འགོད་ཀྱི་མ་ལག་རང་འགུལ་ངང་སྒོ་རྒྱག་ངེས་པས། དུས་འགྱངས་བྱུང་ཚེ་མིང་ཐོ་ཡང་བསྐྱར་གསབ་འགོད་བྱས་མི་ཆོག
(གཉིས)མིང་ཐོ་འགོད་པའི་ཐབས་ལམ།
1. རྒྱུགས་སྤྲོད་མཁན་གྱིས་མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་དྲ་བར་(www.qhjyks.com)ཐོ་འཇུག་བྱས་ནས། “ཨང་ཀིའི་རྒྱུགས་ལེན་ཞབས་ཞུའི་ཚོམས་ཆེན”ལས“རང་སྦྱོང་རྒྱུགས་ལེན”མནན་ཏེ། རང་སྦྱོང་རྒྱུགས་ལེན་གྱི་དྲ་ཐོག་མིང་འགོད་མ་ལག་ལ་ཞུགས་རྗེས་མིང་ཐོ་འགོད་དགོས།
2. ཐེངས་འདིའི་མིང་འགོད་བྱ་བར་དྲ་ཐོག་ནས་མིང་ཐོ་བཀོད་རྗེས་རྒྱུགས་སྤྲོད་ས་ཁུལ་གྱི་སློབ་བསྡུ་གཞུང་ལས་ཁང་དུ་སོང་སྟེ་ཡུལ་དངོས་ནས་ཆ་འཕྲིན་ངེས་གཏན་བྱེད་པའི་རིམ་པ་དེ་མེད་པར། དྲ་ཐོག་ནས་ཞིབ་བཤེར་གཏན་འབེབས་བྱེད་པ་ཡིན། རྒྱུགས་སྤྲོད་མཁན་གྱིས་མ་ལག་གི་ཁྲོད་དུ་ཆ་འཕྲིན་བསྐངས་ནས་ཡར་སྤྲད་དེ། རྒྱུགས་སྤྲོད་ས་ཁུལ་གྱི་སློབ་བསྡུ་གཞུང་སྒྲུབ་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས། ད་གཟོད་ཐེངས་འདིའི་རྒྱུགས་ལེན་ལ་མིང་བཀོད་ཚར་བར་བརྩི་རྒྱུ་ཡིན།
3. གསར་དུ་ཐོ་འགོད་བྱེད་པའི་རྒྱུགས་སྤྲོད་མཁན་དག་གིས་ཐོ་འགོད་ཀྱི་ཆ་འཕྲིན་རྣམས་བདེན་པ་བདེན་དྲང་གིས་བསྐང་དགོས་ལ། ཉེ་པར(ཟླ6གི་ནང)ཚུན་གཅིག་ཅན[295བརྙན་རྒྱུ*413བརྙན་རྒྱུ]ཞིག་སྟེ། མགོ་ལ་ཞྭ་སོགས་གོན་མེད་ཅིང་རྒྱབ་ངོས་དཀར་པོ་ཡིན་པ་ཞིག་ཡར་འགོད་བྱས་ན། རྒྱུགས་ལེན་ས་ཁུལ་གྱི་སློབ་བསྡུ་གཞུང་སྒྲུབ་ཁང་གིས་རྒྱུགས་སྤྲོད་མཁན་གྱི་འདྲ་པར་ལ་ཞིབ་བཤེར་བྱ་ངེས། རྒྱུགས་སྤྲོད་མཁན་གྱིས་དྲ་ཐོག་མིང་འགོད་མ་ལག་གི་མི་སྒེར་ཞབས་ཞུ་ལྟེ་གནས་ནས“རྒྱུགས་སྤྲོད”ཀྱི་པར་ངོས་བརྒྱུད་དེ་རྒྱུགས་ལེན་ས་ཁུལ་གྱི་ཞིབ་བཤེར་གནས་ཚུལ་ལ་དོ་སྣང་བྱས་ཆོག “ཞིབ་བཤེར་གཏན་འབེབས་མ་བྱུང”པའི་རྒྱུགས་སྤྲོད་མཁན་གྱིས་ཟུར་བཀོད་ཚན་བྱང་ཁྲོད་དུ་ཚད་གཞིར་མ་ལོན་པའི་རྒྱུ་རྐྱེན་ཡོད་པ་དེ་མནན་རྗེས། “སློབ་མ་གསར་བ”ཞེས་པའི་པར་ངོས་ལ་ཕྱིར་ལྡོག་ནས་བླང་བྱ་དང་མཐུན་པའི་འདྲ་པར་ཞིག་ཡང་བསྐྱར་ཡར་འགོད་བྱ་དགོས་པ་མ་ཟད། “རྒྱུགས་སྤྲོད”ཀྱི་པར་ངོས་བརྒྱུད་ནས་རྒྱུགས་སྤྲོད་ཀྱི་བསླབ་ཚན་གདམ་པ་དང་རིན་སྤྲོད་པ་སོགས་བྱས་ཏེ། “ཞིབ་བཤེར་གཏན་འབེབས་བྱུང་བའི”བར་དུ་ལས་འཇུག་བྱས་ཆོག
(གསུམ)འབྲེལ་ཡོད་ཀྱི་བླང་བྱ།
1. རྒྱུགས་སྤྲོད་མཁན་གྱིས་དྲ་ཐོག་ནས་མིང་ཐོ་འགོད་སྐབས《མཚོ་སྔོན་ཞིང་ཆེན་གྱི2020ལོའི་ལོ་སྟོད་ཀྱི་མཐོ་རིམ་སློབ་གསོའི་རྒྱུགས་ལེན་ལ་མིང་ཐོ་འགོད་པའི་སྒྲིག་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི2020ལོའི་ལོ་སྟོད་ཀྱི་མཐོ་རིམ་སློབ་གསོའི་རྒྱུགས་ལེན་གྱི་བསླབ་ཚན་དུས་ཚོད་ཀྱི་བཀོད་སྒྲིག་རེའུ་མིག》གཉིས་ལ་ཞིབ་ལྟ་བྱས་ཏེ། འབྲེལ་ཡོད་ཀྱི་བླང་བྱ་ལྟར་མིང་ཐོ་འགོད་དགོས་ལ། རྒྱུགས་སྤྲོད་མཁན་གྱི་ཆ་འཕྲིན་ཞིབ་བཤེར་གཏན་འབེབས་བྱས་རྗེས། ཡང་བསྐྱར་བཟོ་བཅོས་བྱས་མི་ཆོག་པས། རྒྱུགས་སྤྲོད་མཁན་རྣམས་ཀྱིས་དེ་དོན་ཡིད་འཇགས་འཚལ།
2. གསར་དུ་ཐོ་འགོད་བྱས་པའི་རྒྱུགས་སྤྲོད་མཁན་གྱིས《མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་དྲ་ཚིགས་ལས་མིང་འགོད་རྒྱུགས་སྤྲོད་ཀྱི་བྱ་བའི་ཕྱོགས་སྟོན》ལ་ཞིབ་ལྟ་བྱ་དགོས། མིང་ཐོ་འགོད་སྐབས། རྒྱུགས་སྤྲོད་མཁན་གྱིས་དུས་ནམ་ཡང་དྲ་ཐོག་མིང་འགོད་མ་ལག་ལས་རྒྱུགས་སྤྲོད་ས་ཁུལ་སློབ་བསྡུ་གཞུང་སྒྲུབ་ཁང་གི་ཞིབ་བཤེར་གྱི་མཇུག་འབྲས་ལ་དོ་སྣང་བྱས་ཆོག་པ་དང་། རྒྱུགས་ལེན་ས་ཁུལ་སློབ་བསྡུ་གཞུང་སྒྲུབ་ཁང་གི“ཞིབ་བཤེར་གཏན་འབེབས་བྱུང”རྗེས། ད་གཟོད་རྒྱུགས་ལ་ཞུགས་ཆོག གལ་ཏེ“ཞིབ་བཤེར་གཏན་འབེབས་མ་བྱུང”བ་མ་ཟད། གཏན་འཁེལ་གྱི་དུས་ཚོད་ནང་བླང་བྱ་དང་མཐུན་པའི་འདྲ་པར་ཡར་འགོད་མ་བྱས་པ་རྣམས། ཐེངས་འདིའི་མིང་འགོད་རྒྱུགས་སྤྲོད་ཀྱི་བྱ་བར་མ་ཞུགས་པར་བརྩིས་ནས། རྒྱུགས་སྤྲོད་ཀྱི་ཁྲོད་དུ་མི་འཇོག
3. རྒྱུགས་སྤྲོད་མཁན་གྱིས་རང་ཉིད་ཀྱིས་བསྐངས་བའི་ཆ་འཕྲིན་དང་འདྲ་པར་གྱི་དོན་དངོས་རང་བཞིན་དང་ཡང་དག་རང་བཞིན་ལ་འགན་འཁུར་དགོས། དཔང་རྟགས་རྫུན་བཟོ་བྱེད་པ་དང་འབྲེལ་ཡོད་གཏན་འཁེལ་ལ་གཡོལ་ནས་རྒྱུགས་ལ་ཞུགས་པ་དག 《རྒྱལ་ཁབ་སློབ་གསོའི་རྒྱུགས་ལེན་གྱི་སྒྲིག་འགལ་ཐག་གཅོད་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན།
4. རྒྱུགས་སྤྲོད་མཁན་རྣམས་རྒྱུགས་ལ་ཞུགས་སྐབས། རྒྱུགས་ལེན་གྱི་ལས་བྱེད་མི་སྣས་རྒྱུགས་སྤྲོད་མཁན་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་རྒྱུགས་ཞུགས་དཔང་ཡིག་ལ་ཞིབ་བཤེར་ནན་མོ་བྱ་རྒྱུ་ཡིན་ཞིང་། བླང་བྱ་ལྟར་འདྲ་པར་ཡར་འགོད་མ་བྱས་པའམ་ཡང་ན་ཆ་འཕྲིན་བསྐངས་པར་ནོར་ཏེ་རྒྱུགས་ལ་ཞུགས་མ་ཐུབ་པ་དག་གིས་མཇུག་འབྲས་ཡོད་ཚད་རང་ཉིད་ཀྱིས་འགན་འཁུར་དགོས།
གཉིས། རྒྱུགས་ཁོངས་དོ་དམ་བྱ་བའི་བཀོད་སྒྲིག
1. རྒྱུགས་ཁོངས་སྤོར་ནས་རྒྱུགས་སྤྲོད་པའི་བྱ་བའི་བཀོད་སྒྲིག
སློབ་གསོ་པུའུ་རྒྱུགས་ལེན་ལྟེ་གནས་ཀྱི《2020ལོའི་ལོ་སྟོད་ཀྱི་རང་སྦྱོང་རྒྱུགས་ལེན་ལས་རྒྱུགས་ཁོངས་སྤོར་ནས་རྒྱུགས་སྤྲོད་པའི་བྱ་བ་ཕྱིར་འགྱངས་བྱེད་པ་དང་འབྲེལ་བའི་སྤྱི་བསྒྲགས》གཞིར་བཟུང་ནས། 2020ལོའི་ལོ་སྟོད་ཀྱི་རང་སྦྱོང་རྒྱུགས་ལེན་གྱི་རྒྱུགས་ཁོངས་སྤོར་ནས་རྒྱུགས་སྤྲོད་པའི་འབྲེལ་ཡོད་ཀྱི་བྱ་བ་ཕྱིར་འགྱངས་བྱས་ཏེ་བསྒྲུབ་པ་དང་རྒྱུགས་ཁོངས་སྤོར་ནས་རྒྱུགས་སྤྲོད་པའི་བྱ་བ་བསྐྱར་གསོ་བྱེད་པའི་དུས་ཚོད་ཡང་བསྐྱར་བརྡ་སྦྱོར་གཏོང་ངེས་པས། རྒྱུགས་སྤྲོད་མཁན་རྣམས་ཀྱིས་མཚོ་སྔོན་ཞིང་ཆེན་སློབ་གསོའི་རྒྱུགས་ལེན་དྲ་ཚིགས་སམ་ཡང་ན་མཚོ་སྔོན་ཞིང་ཆེན་སློབ་གསོའི་སློབ་བསྡུ་རྒྱུགས་ལེན་གྱི་སྐད་འཕྲིན་སྤྱི་སྟེགས་ལ་དོ་སྣང་བྱས་ཆོག
2. རྒྱུགས་སྤྲོད་མི་དགོས་པར་རེ་ཞུ་བྱེད་པའི་བཀོད་སྒྲིག
ལོ་སྟོད་དུ་མཐར་ཕྱིན་ལ་རེ་ཞུ་བྱེད་པའི་རྒྱུགས་སྤྲོད་པ་དག་གིས་བསླབ་ཚན་ལ་རྒྱུགས་སྤྲོད་མི་དགོས་པའི་འགྲོ་ལུགས་བསྒྲུབ་དགོས་ན། མཐར་ཕྱིན་ལ་རེ་ཞུ་བྱེད་པ་དང་མཉམ་དུ་ཕྱིར་འགྱངས་བྱས་ནས་བསྒྲུབ་དགོས་པ་དང་། རྒྱུགས་སྤྲོད་མི་དགོས་པར་རེ་ཞུ་བྱེད་པའི་རྒྱུ་ཆ་དང་མཐར་ཕྱིན་ལ་རེ་ཞུ་བྱེད་པའི་རྒྱུ་ཆ་གཉིས་སྐབས་དེར་མཉམ་གཅིག་ཏུ་ཞིང་ཆེན་རང་སྦྱོང་རྒྱུགས་ལེན་གཞུང་སྒྲུབ་ཁང་ལ་སྤྲད་ནས་ཞིབ་བཤེར་གཏན་འབེབས་བྱེད་དུ་འཇུག་དགོས། མཐར་ཕྱིན་ལ་རེ་ཞུ་བྱེད་པའི་དུས་ཚོད་ནི་རྒྱུགས་སྤྲོད་མཁན་གྱིས་མཚོ་སྔོན་ཞིང་ཆེན་སློབ་གསོའི་རྒྱུགས་ལེན་དྲ་ཚིགས་ཀྱི་བརྡ་སྦྱོར་ལ་དོ་སྣང་བྱས་ནས་བལྟ་དགོས།
3. མཐར་ཕྱིན་འཛིན་ཡིག་སྟེར་བའི་བཀོད་སྒྲིག
ཟླ3པའི་ཚེས12ཉིན“2019ལོའི་ལོ་སྨད་ཀྱི་རང་སྦྱོང་རྒྱུགས་ལེན་གྱི་མཐར་ཕྱིན་འཛིན་ཡིག་སྟེར་བའི་བྱ་བ”དེ་ཕྱིར་འགྱངས་བྱ་རྒྱུ་ཡིན་པ་དང་། མཐར་ཕྱིན་འཛིན་ཡིག་སྟེར་བའི་དུས་ཚོད་ཡང་བསྐྱར་བརྡ་གཏོང་ངེས་ཡིན། མཐར་ཕྱིན་ཟིན་པའི་རྒྱུགས་སྤྲོད་མཁན་གྱིས་ཀྲུང་གོ་མཐོ་རིམ་སློབ་གསོའི་སློབ་མའི་ཆ་འཕྲིན་དྲ་ཚིགས(https://www.chsi.com.cn/)ནས་རང་ཉིད་ཀྱིས《སློབ་གསོ་པུའུ་ཡི་སློབ་གཉེར་བརྒྱུད་རིམ་དཔང་ཡིག་གི་གློག་རྡུལ་ཐོ་འགོད་སྙན་སེང་རེའུ་མིག》བསྐྱར་དཔར་བྱ་དགོས།
རྒྱ་ཆེའི་རང་སྦྱོང་རྒྱུགས་ལེན་གྱི་རྒྱུགས་སྤྲོད་པ་རྣམས་ཀྱིས་བརྡ་སྦྱོར་གྱི་འབྲེལ་ཡོད་ནང་དོན་ལ་ཞིབ་ལྟ་དང་། དུས་ལྟར་རྒྱུགས་ལེན་ས་ཁུལ་སློབ་བསྡུ་གཞུང་སྒྲུབ་ཁང་གི་ཞིབ་བཤེར་གཏན་འབེབས་ཀྱི་གནས་ཚུལ་དང་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་གི་དྲ་ཚིགས་ཀྱི་ཆ་འཕྲིན་ལ་དོ་སྣང་བྱས་ཏེ། མིང་འགོད་རྒྱུགས་ལེན་གྱི་བྱ་བ་བདེ་བླག་ཡོང་བར་འགན་ལེན་བྱ་རྒྱུ་འཚལ།
མཚོ་སྔོན་ཞིང་ཆེན་གྱི་རྒྱུགས་ལེན་ས་ཁུལ་སོ་སོའི་འདྲི་རྩད་ཁ་པར་ཨང་གྲངས།
ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་། 0971-6303098
ཟི་ལིང་གྲོང་ཁྱེར་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་། 0971-4393048
མཚོ་ཤར་གྲོང་ཁྱེར་སློབ་བསྡུ་གཞུང་སྒྲུབ་ཁང་། 0972-8610052
མཚོ་ལྷོ་ཁུལ་སློབ་བསྡུ་གཞུང་སྒྲུབ་ཁང་། 0974-8512573
མཚོ་ནུབ་ཁུལ་སློབ་བསྡུ་གཞུང་སྒྲུབ་ཁང་། 0977-8222456
ན་གོར་མོ་གྲོང་ཁྱེར་སློབ་བསྡུ་གཞུང་སྒྲུབ་ཁང་། 0979-8465312
མཚོ་བྱང་ཁུལ་སློབ་བསྡུ་གཞུང་སྒྲུབ་ཁང་། 0970-8642850
རྨ་ལྷོ་ཁུལ་སློབ་བསྡུ་གཞུང་སྒྲུབ་ཁང་། 0973-8722581
མགོ་ལོག་ཁུལ་སློབ་བསྡུ་གཞུང་སྒྲུབ་ཁང་། 0975-8383593
ཡུལ་ཤུལ་ཁུལ་སློབ་བསྡུ་གཞུང་སྒྲུབ་ཁང་། 0976-8822385
མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་ནས།
2020ལོའི་ཟླ2པའི་ཚེས24ཉིན།
ཤ་ཚའི་དྲན་སྐུལ།
འབྲེལ་ཡོད་ཀྱི་ཟུར་བཀོད་ཡིག་ཆ་མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་གི་གཞུང་ཕྱོགས་དྲ་ཚིགས(http://www.qhjyks.com/)བརྒྱུད་ནས་བལྟ་དགོས།