ཚེས་ཉེར་དྲུག་ཉིན་ནས་བཟུང་ཟི་ལིང་ཞིན་ཉིན་ལམ་གྱི་རླངས་འཁོར་འབབ་ཚིགས་ཀྱིས་ལས་སྒོ་སླར་གསོ་བྱས།
2020.02.26 ཁུངས། ཀློག་གྲངས། 74

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་རླངས་འཁོར་འབབ་ཚིགས་ཚད་ཡོད་འགན་ལེན་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་རིམས་ནད་འགོག་སྲུང་བྱ་བར་གཅིག་གྱུར་སྒོས་བཀོད་འདོམས་བྱས་པ་གཞིར་བཟུང་ནས། རྒྱ་ཆེའི་འགྲུལ་བ་རྣམས་འགྲོ་འོང་གི་དགོས་མཁོ་སྐོང་ཆེད། ཟླ2པའི་ཚེས26ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་ཞིན་ཉིན་ལམ་རླངས་འཁོར་འབབ་ཚུགས་ཀྱིས་རིམ་པ་བཞིན་འགྲུལ་སྐྱེལ་ལམ་ཐིག་དག་སླར་གསོ་བྱས་པ་རེད།

ཟླ2པའི་ཚེས26ཉིན། ཟི་ལིང་གྲོང་ཁྱེར་ཞིན་ཉིན་ལམ་རླངས་འཁོར་འབབ་ཚུགས་ཀྱིས་ལས་སྒོ་སླར་གསོ་བྱས་ཤིང་། ཉིན་དང་པོར་འགྲུལ་སྐྱེལ་ལམ་ཐིག་གསུམ་སླར་གསོ་བྱས་ཡོད་དེ།  སོ་སོར་ཟི་ལིང་ནས་གུང་ཧོ་དང་།  ཟི་ལིང་ནས་ཧུའུ་ཀྲུའུ།  ཟི་ལིང་ནས་ཏ་ཐོན་བཅས་ཡིན།  དེ་དང་མཉམ་དུ། ཟི་ལིང་ནས་སྟོང་སྐོར་དང་།  ཟི་ལིང་ནས་ལི་ཏུའུ་ཡི་རེས་འཁོར་ཡང་ཞིན་ཉིན་ལམ་རླངས་འཁོར་འབབ་ཚིགས་ནས་གཏོང་རྒྱུ་རེད།

འབྲེལ་ཡོད་ཞིབ་ཕྲའི་གནས་ཚུལ་ཤེས་འདོད་ན། 09716155835  09716155769  09716155795  09716333028བཅས་ལ་ཁ་པར་བཏང་ནས་དྲིས་ཆོག

ཟི་ལིང་རླངས་འཁོར་འབབ་ཚིགས་ཚད་ཡོད་འགན་ལེན་ཀུང་ཟིས་རྒྱ་ཆེའི་འགྲུལ་བ་རྣམས་ལ་གསལ་འདེབས་ཞུ་རྒྱུར། རླངས་འཁོར་འབབ་ཚིགས་སུ་འགྲོ་དུས་འགྲུལ་བ་རྣམས་ཀྱིས་ཁ་ཐུམ་རྒྱག་དགོས་པ་དང་། རང་གི་ཆ་འཕྲིན་ཐོ་འགོད་བྱེད་དགོས་ལ། ཞིང་ཆེན་གཞན་གྱི་ཐོབ་ཐང་ལག་ཁྱེར་ཡིན་ན་སྡེ་ཁུལ་དང་ལས་ཁུངས་བཅས་ཀྱིས་ཞིང་ཆེན་ཕྱི་རུ་མ་སོང་བའི་བདེན་དབང་བྱ་དགོས། ཞིང་ཆེན་གཞན་ནས་ཡོང་བའི་འགྲུལ་བར་ལོགས་བཀར་ལྟ་ཞིབ་མཇུག་སྒྲིལ་བའི་བདེན་དཔང་དགོས།