གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས25ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཏང་ཨུའི་ཧྲུའུ་ཅིའམ་ཐེ་ཀྲང་ཀྲོའུ་ཞན་ཨན་གྱིས་གསར་འགྱུར་ལྟེ་གནས་དང་གསར་འགྱུར་ཕྱོགས་བསྡུས་རྒྱང་སྒྲོག དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱི་གསར་འགོད་པའི་གྲུབ་པའི“ལས་སྒོ་སླར་གསོར་ཡང་བསྐྱར་ལམ་ལ་ཆས”ཞེས་པའི་གཞི་རིམ་དུ་བསྐྱོད་པའི་སྨྱན་བྱད་རྟོག་དཔྱོད་བཅར་འདྲི་རུ་ཁག་ཁྲིད་ནས། ཟི་ལིང་གྲོང་ཁྱེར་གྱི་ཁེ་ལས་དང་ལས་གཞི། ཞིང་ཁ་སོགས་སུ་ལས་སྒོ་སླར་གསོ་བྱེད་པར་བཅར་འདྲི་བྱས་ཤིང་། མཚོ་ཤར་གྱི་ཁྱབ་ཁོངས་སོ་སོ་དང་ལས་རིགས་སོ་སོའི་ལས་སྒོ་སླར་གསོ་བྱེད་པའི་གནས་ཚུལ་ལེགས་པར་བསྒྲགས། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་རའེ་ཞང་གིས་འགྲོ་རོགས་བྱས།