མཚོ་བྱང་གི་བཟོ་ཁེ་ལས21ལས་སྒོ་སླར་གསོ་བྱུང་།
2020.02.27 ཁུངས། གངས་ལྗོངས་འཕྲིན་གསར། ཀློག་གྲངས། 18

ཟླ2པའི་ཚེས25ཉིན་བར་མཚོ་བྱང་ཁུལ་གྱི་གཞི་ཁྱོན་ཚད་ལྡན་གྱི་བཟོ་ཁེ་ལས29ཡི་ཁྲོད་ནས་ཁེ་ལས21ལས་སྒོ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ཐུབ་ནས་ལས་འགོ་ཚུགས་ཚད་བརྒྱ་ཆའི72.4ཟིན་པ་དེ་ལོ་འགོ་ལས་བརྒྱ་ཆའི10.33འཕར་ཡོད། དེའི་ནང་ཧྭ་ཐེ་སྣུམ་སྙིགས་དང་། ཞ་ཧྭ་ཤ་རིགས་ཀུང་སིས་ཟླ2པའི་ཚེས20ཉིན་གྱི་རྗེས་སུ་ལས་འགོ་བསྐྱར་ཚུགས་བྱས་པ་དང་ཁེ་ལས་གཞན་དག་གིས་བྲེལ་བརྩོན་ཆེན་པོས་ལས་འགོ་བསྐྱར་ཚུགས་ཀྱི་གྲ་སྒྲིག་བྱེད་བཞིན་ཡོད་ལ། སྔོན་དཔག་བྱས་ན་ཉིན10ཡི་ནང་ཧའེ་ཐའེ་རྡོ་སོལ་ལས་རིགས་དང་ཧྲེ་ཧྲུན་ཞིང་ཕྱུགས་ལས་སོགས་ཁེ་ལས་ཀྱིས་ལས་འགོ་བསྐྱར་ཚུགས་བྱ་རྒྱུ་ཡིན་ལ། ཟླ2པའི་ཟླ་མཇུག་ཏུ་སླེབས་སྐབས་ཁུལ་ཡོངས་ཀྱི་གཞི་ཁྱོན་ཚད་ལྡན་གྱི་བཟོ་ཁེ་ལས་ལས་འགོ་བསྐྱར་ཚུགས་ཐུབ་ཚད་བརྒྱ་ཆའི79.3%ཟིན་རྒྱུ་རེད། 

མིག་སྔར་ཏོག་གསར་གློ་ཚད་ཀྱི་རིམས་འགོག་ཚོད་འཛིན་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་མཚོ་བྱང་ཁུལ་གྱི་བཟོ་ཁེ་ལས་ཀྱི་རིམས་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་ཚུགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཆེད། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས་ཀྱིས་རིམས་འགོག་ཚོད་འཛིན་ལས་དོན་མུ་མཐུད་དུ་ཡག་པོ་སྒྲུབ་པའི་དུས་མཚུངས་སུ་ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ་དང་དམིགས་ཚད་ལས་འགན་དོན་འཁྱོལ་བྱས་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་བཟོ་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་ལ་སྐུལ་འདེད་བཏང་།