མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་སློབ་གྲྭ་ཆུང་འབྲིང་ཕྱིར་འགྱངས་བྱས་ནས་སློབ་མགོ་རྩོམ་པའི་སྐབས་ཀྱི་བྱ་བའི་བཀོད་སྒྲིག
2020.02.28 ཁུངས། ཀློག་གྲངས། 51

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི«ཞིང་ཆེན་་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གིས་རིམས་འགོག་གི་རྐྱེན་གྱིས་སློབ་མགོ་རྩོམ་པའི་སྐབས་སུ“སློབ་མཚམས་བཞག་ཀྱང་སློབ་ཁྲིད་མཚམས་མི་འཇོག་པའི”བྱ་བ་དང་འབྲེལ་བའི་བརྡ་སྦྱོར།»(བསྡུས་ན«བརྡ་སྦྱོར»)དཔར་འགྲེམ་བྱས་པ་ལྟར། ཞིང་ཆེན་ཡོངས་ཀྱིས་སྔར་གཏན་འཁེལ་བྱས་པའི་སློབ་མགོ་རྩོམ་པའི་སྐབས་དང་དངོས་སུ་སློབ་མགོ་རྩོམ་པའི་བར་སྐབས་སུ། ཆ་འཕྲིན་ལག་རྩལ་བེད་སྤྱད་ནས“སློབ་མཚམས་བཞག་ཀྱང་སློབ་ཁྲིད་མཚམས་མི་འཇོག་པ”དང་འབྲེལ་བའི་བྱ་བར་བསམ་ཚུལ་གསལ་བོ་བཏོན། 

《བརྡ་སྦྱོར》གྱི་ནང་དུ་བསྟན་པ་ལྟར། “སློབ་མཚམས་བཞག་ཀྱང་སློབ་ཁྲིད་མཚམས་མི་འཇོག་པའི”སློབ་གསོའི་སྲིད་ཇུས་ནི་གཙོ་བོར་འཛིན་པ་དང་སློབ་གྲྭ་གཙོ་བོར་བྱེད་པ། སྤྱི་ཚོགས་སྒྲིག་གཞི་དང་ཁེ་ལས་ཟབ་ཞུགས་པ་བཅས་ཀྱི་བྱེད་ཐབས་ཀྱིས་ཡུལ་བབ་དང་བསྟུན་པ་ནས་སློབ་གྲྭ་འབྲིང་ཆུང་དུ་སློབ་མགོ་ཚུགས་སྐབས་དྲ་ཐོག་ཏུ་སློབ་སྦྱོང་བྱེད་པའི་དུས་ཚོད་ཕྱིར་འགྱངས་བྱེད་པ་དང་། སློབ་མགོ་རྩོམ་པ་ཕྱིར་འགྱངས་བྱེད་རིང་རྩ་དོན་ཐོག་དྲ་ཐོག་ནས་སློབ་ཚན་གསར་བ་སློབ་སྦྱོང་མི་བྱེད་པ་དང་། དྲ་ཐོག་ནས་སློབ་སྦྱོང་བྱེད་སྐབས་སྔོན་སྦྱོང་དང་བསྐྱར་སྦྱོང་བྱ་རྒྱུ་གཙོ་བོར་འཛིན་དགོས། སློབ་ཆུང་གི་ལོ་རིམ་དམའ་བའི་རིམ་པར་དྲ་ཐོག་གི་སློབ་སྦྱོང་བཀོད་སྒྲིག་མི་བྱེད་མི་དགོས། འོན་ཀྱང་ཁྱིམ་བདག་ལ་རིམས་ནད་འགོག་སྲུང་ཚོད་འཛིན་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་བྱེད་པ་དང་སློབ་མ་ཚོས་དགུན་གནང་གི་སྦྱོང་ཚན་ལེགས་གྲུབ་བྱ་རྒྱུར་མཛུབ་ཁྲིད་བྱེད་པ། སློབ་གསེང་གི་དཔེ་ཀློག་ཡོངས་འགྲུབ་ཡོང་བ་བཅས་བྱེད་དགོས། 

སློབ་མའི་ཁྱིམ་ཚང་ཚང་མར་དྲ་ཞུགས་ཀྱི་ཆ་རྐྱེན་ཡོད་པར་བྱས་ཏེ། དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་སློབ་ཚན་གསར་པ་སློབ་སྦྱོང་བྱེད་པ་དང་།  སློབ་གྲྭ་ཁག་གིས་རྒྱལ་ཁབ་ཀྱི་ཐོན་ཁུངས་ཞབས་ཞུ་གཙོ་བོར་བྱས་ཏེ། དྲ་ཐོག་སློབ་ཚན་སྟེགས་བུ་དང་ཐད་གཏོང་སློབ་ཚན་མ་ལག་ཁ་གསབ་ཀྱི་ཚུལ་དུ་བཟུང་ནས་། སློབ་མར་དྲ་ཐོག་སློབ་སྦྱོང་དང་དགེ་རྒན་གྱི་དྲ་ཐོག་སློབ་ཁྲིད། སློབ་དཔྱོད་ཞིབ་འཇུག ཟུར་ཁྲིད་སོགས་དྲ་ཐོག་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། རིམས་ནད་འགོག་སྲུང་ཚོད་འཛིན་གྱི་ཤེས་བྱ་དང་ཟུང་འབྲེལ་གྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཚེ་སྲོག་གི་སློབ་གསོ། སེམས་ཁམས་བདེ་ཐང་གི་སློབ་གསོ་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱས་ནས་སློབ་མའི་གཟུགས་པོར་སྦྱོང་བརྡར་དང་སློབ་ཕྱིའི་དཔེ་ཀློག་གི་བྱ་བར་ལྕག་སྐུལ་བྱ་དགོས།

«བརྡ་སྦྱོར»གྱི་ནང་དུ། རྩ་འཛུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་དང་དགེ་སློབ་ཀྱི་ཁུར་པོ་ལྕི་རུ་མི་གཏོང་བའི་བླང་བྱ་བཏོན་ཡོད་ལ། རིམ་པ་སོ་སོས་སློབ་གསོ་སྲིད་འཛིན་སྡེ་ཁག་གིས“སློབ་མཚམས་བཞག་ཀྱང་སློབ་ཁྲིད་མཚམས་མི་འཇོག་པའི”ལས་དོན་སྒྲིག་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། ཆེད་བསྐོས་མི་སྣས་འགན་འཁུར་བ་དང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་བྱ་བ་དོ་འཁྱོལ་བྱ་དགོས། ཁོངས་གཏོགས་སློབ་གྲྭའི་དྲ་ཐོག་སློབ་ཁྲིད་ཀྱི་འཕེལ་རིམ་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ནས་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་ཕན་འབྲས་དངོས་ལ་མཐོང་ཆེན་བྱས་ཏེ་ཕྱི་ཚུལ་རིང་ལུགས་འགོག་སྲུང་བྱེད་དགོས། དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་གླེང་ཕྱོགས་བཟང་པོ་ཞིག་གཏོད་དགོས། ད་ཡོད་ཀྱི་སྤུས་ལེགས་དྲ་རྒྱའི་སློབ་ཚན་གྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་སློབ་ཆུང་གི་དྲ་ཐོག་སློབ་ཚན་གྱི་དུས་ཚོད་སྐར་མ་20ལས་མི་བརྒལ་བ་དང་། སློབ་འབྲིང་གི་དུས་ཚོད་སྤྱིར་ན་སྐར་མ་30ལས་མི་བརྒལ་བ་བྱསབཏེ། དགེ་སློབ་ཀྱི་ཁུར་པོ་ཇེ་ལྕིར་མི་འགྲོ་བ་བྱ་དགོས།

《བརྡ་སྦྱོར》གྱི་ནང་དུ་ནན་གྱིས་བསྟན་དོན། དྲ་རྒྱའི་ཁ་བསླུས་སྔོན་འགོག་དང་དྲ་རྒྱའི་བདེ་འཇགས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག སློབ་མགོ་བརྩམས་རྗེས་ཀྱི་སློབ་ཁྲིད་དང་ཁྱིམ་སྡོད་སློབ་སྦྱོང་སྦྲེལ་མཐུད་ཡག་པོ་བྱེད་དགོས། ཁྱིམ་སྡོད་སློབ་སྦྱོང་གིས་སློབ་གྲྭའི་སློབ་ཁྲིད་ཀྱི་ཚབ་བྱེད་པ་ཡོངས་སུ་འགོག་སྲུང་དང་། སློབ་མགོ་བརྩམས་ནས་སློབ་་ཁྲིད་སླར་གསོ་བྱས་རྗེས། རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་གྲྭས་སློབ་མའི་ཁྱིམ་སྡོད་སློབ་སྦྱོང་གི་གནས་ཚུལ་ལ་རྟོག་དཔྱོད་བྱེད་པ་དང་། སློབ་སྦྱོང་གི་སྤུས་ཚད་ལ་བརྟག་དཔྱད་དང་དཔྱད་དཔོག་བྱེད་དགོས། དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་ཁྲིད་ཀྱི་འཆར་གཞི་བཟོས་ཏེ། སློབ་མ་རེ་རེས་ཤེས་བྱའི་ནང་དོན་ཅུང་ལེགས་པའི་སྒོ་ནས་ཁོང་དུ་ཆུད་པར་ཁག་ཐེག་བྱེད་དགོས།

ཤེས་གསལ་བྱུང་བ་ལྟར་ན། “སློབ་ཁྲིད་བྱེད་མཚམས་བཞག་ཀྱང་སློབ་ཁྲིད་མཚམས་མི་འཇོག་པའི”བྱ་བ་ཡག་པོར་བསྒྲུབ་ཆེད། «བརྡ་སྦྱོར»ལས་བསྟན་དོན། རིམ་པ་སོ་སོའི་སློབ་གསོ་སྡེ་ཁག་གིས་སློབ་མའི་གློག་རྡུལ་པར་གཞིའི་སློབ་དེབ་དང་དགེ་རྒན་གྱི་གློག་རྡུལ་པར་གཞིའི་དེབ་ཕབ་ལེན་བྱ་དགོས། (http:/bp.pep. com. cn) དྲ་རྒྱའི་ཐོན་ཁུངས་ལས་སྟེགས་དང་སློབ་ཚན་ཐད་གཏོང་མ་ལག གྲངས་འཛིན་བརྙན་འཕྲིན། སྲུང་སྐར་བརྙན་འཕྲིན་སོགས་ཀྱི་བྱ་ཐབས་སྤྱད་དེ་སློབ་གྲྭའི་རིག་ཚན་ཁག་གིས་དྲ་ཐོག་སློབ་སྦྱོང་བྱེད་སྟངས་དངོས་སུ་གདམ་ག་བྱེད་པར་ཁ་གཏད་ནས། ད་དུང་རང་ཉིད་དང་འཚམ་པའི་ཐོན་ཁུངས་ལས་སྟེགས་དང་ཐད་གཏོང་སློབ་ཚན་མ་ལག(ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས4)གདམ་ཆོག་པ་དང་། སློབ་མས་ཁྱིམ་དུ་གློག་ཀླད་དམ་ཡང་ན་སྤོ་སྒུལ་དྲ་བ་བརྒྱུད་ནས་སློབ་སྦྱོང་གི་བྱེད་སྒོ་སྤེལ་ཆོག མི་རིགས་ས་ཁུལ་གྱི་དགེ་རྒན་གྱིས་མི་རིགས་སྐད་ཡིག་སོགས་ཀྱི་ཐད་ནས་སློབ་ཁྲིད་བྱེད་པའི་ཐོན་ཁུངས་ཉུང་བས། ཐད་གཏོང་བསླབ་ཚན་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་སློབ་མར་སློབ་ཁྲིད་བྱས་ཆོག སློབ་ཚན་དང་རིག་ཚན་གྱི་ཁྱད་ཆོས། གྲོང་ཁྱེར་དང་ཞིང་འབྲོག་ཁུལ་གྱི་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་མི་འདྲ་བར་དམིགས་ཏེ་རིགས་དབྱེ་དང་རིམ་པ་དབྱེ་ནས་དགེ་རྒན་བཀོད་སྒྲིག་བྱས་ཏེ་སློབ་མའི་རང་བདག་སློབ་སྦྱོང་བྱ་ཐབས་ལ་མཛུབ་ཁྲིད་བྱེད་པ་དང་། ད་ཡོད་སློབ་མའི་ཁྱིམ་ཚང་དྲ་རྒྱ་ལ་་གཞིགས་ཏེ་རིག་ཚན་དང་སློབ་མཚམས་དབྱེ་ནས་བབ་བསྟུན་ངང་ཟུར་ཁྲིད་སློབ་སྦྱོང་སྒྲིག་འཛུགས་བྱེད་དགོས། སློབ་མགོ་བརྩམས་པ་ཕྱིར་འགྱངས་བྱས་པའི་བར་སྐབས་སུ། ཐོན་ཁུངས་སྟེགས་བུ་དང་ཐད་གཏོང་མ་ལག་སྤྱད་དེ་བབ་མཚུངས་ཀྱི་ཐད་གཏོང་སློབ་ཚན་དང་དྲ་ཐོག་ནས་ཟུར་ཁྲིད་བྱས་ཏེ་དོགས་འདྲི་ལ་ལན་འདེབས་དགོས། སྲུང་སྐར་བརྙན་འཕྲིན་ཁོ་ན་ལས་བལྟ་མི་ཐུབ་པའི་སློབ་མར་དགེ་རྒན་གྱིས་ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་བཞི་པའི་ལེ་ཚན་ལ་ལྟ་བར་མཛུབ་ཁྲིད་བྱས་ནས་རང་འགུལ་ངང་སློབ་སྦྱོང་བྱས་ཏེ་སློབ་མའི་སློབ་སྦྱོང་གི་མཚམས་མི་ཆད་པར་འགན་ལེན་ཁག་ཐེག་བྱ་དགོས།