རིམས་ནད་དང་ཨ་བྲ་ལ་མཉམ་དུ་རྒོལ།
2020.02.28 ཁུངས། ཀློག་གྲངས། 12

 གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། རྩྭ་ཐང་ནི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་གཞི་རྩ་ཡིན་ཞིང་འབྲོག་ལས་ནི་འབྲོག་པ་ཚོའི་དཔལ་འབྱོར་གྱི་ཡོངས་ཁུངས་གཙོ་བོ་ཡིན། དེ་བས་ཨ་བྲ་མེད་པར་བཟོས་ཏེ་འབྲོག་པ་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་བྱ་ཆེད། ཧི་ནན་རྫོང་གིས་རིམས་ནད་འགོག་སྲུང་ནན་ཏན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  ཟླ2པའི་ཚེས21ཉིན་ནས་བཟུང་། ཨ་བྲའི་གནོད་འཚེ་འགོ་བཅོས་ཕྱོགས་ཡོངས་ནས་སྤེལ་བས། རིམས་ནད་འགོག་སྲུང་དང་ཨ་བྲའི་གནོད་འཚེ་འགོག་བཅོས་ཕྱོགས་གཉིས་ཀ་དམ་འཛིན་དང་འཐུས་ཤོར་མེད་པའི་ངང་ནས་མངོན་འགྱུར་བྱུང་ཡོད། 

ཨ་བྲའི་གནོད་འཚེ་འགོག་བཅོས་ཁྱབ་ཁོངས་སྔར་ལས་ཆེ་རུ་བཏང་སྟེ། ད་ལོར་རྩྭ་ས་མུའུ་ས་ཁྲི98.8སྟེང་ཨ་བྲའི་གནོད་འཚེ་མེད་པར་བཟོ་རྒྱུའི་འཆར་གཞི་བཀོད་ཡོད་ཅིང་།  མི་ཤུགས་དང་རྒྱུ་ཤུགས། དངོས་ཤུགས་བཅས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྱོན་མ་དངུལ་སྒོར་ཁྲི306.39དང་། མི2000ལྷག   གཟན་ཆས་ཏུན98.8   དུག་རྒྱུ་ཧའོ་ཧྲིན་ཁྲི9.88བཅས་བཏང་སྟེ།  ཨ་བྲའི་གནོད་འཚེ་འགོག་བཅོས་ཕྱོགས་ཡོང་ནས་དོན་འཁྱོལ་ཡོང་བ་བྱས། 

མིག་སྔར། སྡེ་བ་སོ་སོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྐྱེ་ཁམས་ལྟ་སྲུང་བའི་གཞོགས་འདེགས་འོག་ཨ་བྲའི་གནོད་འཚེ་འགོག་བཅོས་བྱ་བ་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད།