ལིག་ཐའོ་ཡིས་ཞིང་ཆེན12345ཁ་པར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
2020.02.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 76

ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཞིང་ཆེན12345ཁ་པར་སྲིད་དོན་ཞབས་ཞུ་ལྟེ་གནས་ལ་ཕེབས་ཏེ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།

ལིག་ཐའོ་ཡིས་བཤད་རྒྱུར། ཞིང་ཆེན12345སྲིད་དོན་ཞབས་ཞུ་ཁ་པར་བཙུགས་རྗེས། མང་ཚོགས་ཀྱིས་བློ་འདྲི་དང་ཞུ་གཏུག གྲོས་འདོན། རོགས་སྐྱོར་སོགས་ཀྱི་དོན་དག་ནན་ཏན་སྒོས་དང་ལེན་བྱས་ཤིང་། འཐུས་ཚང་རྐྱེན་སྲོལ་བཙུགས་པ་དང་ཞབས་ཞུའི་བརྒྱུད་རིམ་ལེགས་སྒྱུར་བྱས་པ། ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་ནས། རྒྱ་ཆེའི་མང་ཚོགས་དང་ཚོང་རའི་གཙོ་གཞི་ལ་ཁྱོན་ཡོངས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། དོན་དངོས་ཀྱི་དཀའ་ཁག་དང་གནད་དོན་རེ་རེ་ཐག་བཅོད་བྱས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པ་དང་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པའི་ཕྱོགས་སུ་ནུས་པ་གལ་ཆེན་བཏོན།

ལིག་ཐའོ་ཡིས་བསྟན་དོན། ཞིང་ཆེན12345ཁ་པར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དབང་གཏོང་དོ་དམ་དང་ཞབས་ཕྱིའི་བཅོས་སྒྱུར་གྱི་རེ་བ་ནན་ཏན་སྒོས་དངོས་འབེབས་བྱེད་པ། དེང་སྐབས་ཞིང་ཆེན་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། བྱ་བའི་བྱེད་ཐབས་གསར་སྐྲུན་དང་བྱ་བའི་ཕན་ནུས་མཐོར་འདེགས་སུ་གཏོང་བ་དང་། ཁེ་ལས་ཀྱི་ལས་འགོ་རྩོམ་པ་དང་ལས་གཞི་གལ་ཆེན་སླར་གསོ་བྱེད་པ་གཅིག་སྡུད་བྱེད་དགོས་ལ། ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་སྐབས་ཞབས་ཞུ་ཁ་པར་ལས་རེ་ཞུ་བཏོན་པར་ལན་སྟེར་བའི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཁེ་ལས་དང་མང་ཚོགས་ལ་དོན་དངོས་བྱ་བ་བསྒྲུབ་པ་དང་དཀད་ཁག་སེལ་རོགས་བྱེད་དགོས་ཟེར།