ཕྱོགས་གཅིག་ནས་རིམས་ནད་འགོག་སྲུང་དང་ཕྱོགས་གཞན་ཞིག་ནས་འདེབས་འཛུགས་དམ་འཛིན་བྱས།
2020.02.29 ཁུངས། ཀློག་གྲངས། 12

 གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། གྲོ་སོན་འདེབས་འཛུགས་ཁ་གསབ་ཀྱི་ཞིང་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་ཆེད། རྨ་ལྷོ་ཁུལ་ཞིང་ཕྱུགས་ཅུའུ་ཡིས་ཚད་མཐོའི་མཐོང་ཆེན་དང་མགྱོགས་མྱུར་སྒོས་ཕྱོགས་གཅིག་ནས་རིམས་ནད་འགོག་སྲུང་ཚོད་འཛིན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་བསྐྱར་ལས་འདེབས་འཛུགས་ལ་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་ལུད་རྫས་དང་ཞིང་སྨན་ཉུང་གཏོང་སྒོས་ཕན་འབྲས་ཆེར་གཏོང་བ་དང་སྤུས་ལེགས་གྲོ་སོན་འདེབས་འཛུགས་ཁ་གསབ་བྱེད་པ། གཅིག་གྱུར་གྱིས་འབྲུ་རིགས་བདེ་འཇགས་ཐོན་སྐྱེད་བརྟན་པོ་བྱེད་པ་བཅས་ཀྱི་སྒོ་ནས། རིམས་ནད་འགོག་སྲུང་དང་དཔྱིད་ཀའི་རྨོ་འདེབས་གཉིས་ཀ་འཐུས་ཤོར་མི་འགྲོ་བར་འགན་ལེན་ཁག་ཐེག་བྱས། 

ཟླ2པའི་ཚེས26ཉིན། ཐུན་རིན་རྫོང་ཐོ་ཀྱཱ་གྲོང་རྡལ་བོད་སྐོར་གྲོང་ཚོ་དང་རོང་བོ་གྲོང་རྡལ་སེང་གེ་གཤོང་གྲོང་ཚོར2019ལོ་ནས2020ལོ་བར་གྱི་གྲོ་སོན་ཁ་གསབ་རྣམ་གྲངས་ལག་བསྟར་བྱས་ཤིང་། ཁ་གསབ་ལ་སྒོར་ཁྲི་16.5ལག་བསྟར་དོན་འཁྱོལ་བྱས་པ་རེད།

བོད་སྐོར་གྲོང་ཚོ་དང་སེང་གེ་གཤོང་གྲོང་ཚོར་སོ་སོར་གྲོ་སོན་བཟང་ཤོས་སྤྱི་རྒྱ25000དང་སྤྱི་རྒྱ12500མཁོ་འདོན་བྱས་ལ་གྲོ་སོན་གསར་བ་སྤྱི་རྒྱ1250མཁོ་འདོན་བྱས་པ་རེད། བྱེ་བྲག་གི་ལས་འགན་གྱི་དམིགས་ཡུལ་དེ་མི་དང་གྲོང་ཚོ། ས་ཆ་བཅས་སུ་བགོས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་དང་། ལག་རྩལ་གྱི་ལས་ཐོབ། ཁ་གསབ་མ་དངུལ་བཅས་གསུམ་འཐུས་ཚང་བྱས་ནས། གྲོ་སོན་ཁ་གསབ་རྣམ་གྲངས་ཀྱི་དཔེ་སྟོན་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་ཁག་ཐེག་བྱས།

གྲོ་སོན་འདེབས་འཛུགས་ཀྱི་ཁ་གསབ་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་ཁུལ་ཡོངས་ཀྱི་གྲོ་སོན་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ1500ལ་སླེབས་ཡོད་པ་དང་རྨོ་འདེབས་བྱེད་སའི་ས་ཞིང་གསུམ་གྱི་ཚོད་ལྟའི་རྒྱ་ཁྱོན་་མུའུ50ལ་སླེབས་ཡོད་པས། ཁུལ་ཡོངས་ཀྱི་སྤུས་ལེགས་གྲོ་སོན་ཡུལ་ཁོངས་ཅན་གྱི་བཀོད་པ་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད། ཐོན་ལས་ཅན་གྱི་གཉེར་སྐྱོང་བཅས་ལ་སྐུལ་འདེད་བཏང་ནས་སོན་བཟང་འདེབས་སྟངས་ལེགས་པ་དང་ཐོན་མཐོའི་སྤུས་ལེགས་ཅན་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་པ་རེད།